དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝང་ཅུན་ཀྲེང་གིས་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་ཀའོ་ཀྲི་ཏན་དང་བཞུགས་མོལ་གནང་བ།

    ཀརྨ་ཚེ་བརྟན་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-25

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་ཀའོ་ཀྲི་ཏན་བཅས་པ་དང་བཞུགས་མོལ་གནང་ཞིང་། འདི་ནི་བཞུགས་མོལ་གནང་ཡུལ་ཡིན་པ།

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་ཀའོ་ཀྲི་ཏན་བཅས་པ་དང་བཞུགས་མོལ་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་ཞུགས་པ་རེད།

    ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཀའོ་ཀྲི་ཏན་དང་བཅས་པར་དགའ་བསུ་ཞུས་ཤིང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་དུས་ཡུན་རིང་པོའི་ནང་བོད་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་བ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། ད་ཐེངས་ཀྱི“ཕ་རི་སིའི་རྒྱལ་ཁ་ཕུ་ཐག་གཅོད། ཨོ་རྩལ་འགྲན་ཚོགས་ཀྱི་ཉམས་འགྱུར་ངོམས། ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་དང་ངོ་ཐུག་གདོང་འཕྲད”ཀྱི་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོ་སྤེལ་རིང་། ཕུལ་བྱུང་ལུས་རྩལ་པས་མིག་དཔེའི་ནུས་པ་བཏོན་ནས། རང་ལྗོངས་ཀྱི་ལུས་རྩལ་པ་དང་བགྲོ་གླེང་སྤེལ་རེས་དང་མི་རིགས་ཁག་གི་མང་ཚོགས་དང་མཉམ་འགུལ་མཐུན་འབྲེལ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་རྒྱག་པར་དགེ་མཚན་ལྡན་པའི་སྐུལ་འདེད་ནུས་པ་བཏོན་ཡོད། བོད་ལ་ས་མཐོའི་ཁྱད་ལྡན་ལུས་རྩལ་ཐོན་ཁུངས་ཕུན་སུམ་ཚོགས་པས། ལུས་རྩལ་རྣམ་གྲངས་སྣ་ཚོགས་སྤེལ་བདེ་པོ་ཡོད། ཕྱོགས་གཉིས་པོས་ཐུན་མོང་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་། བོད་ཀྱི་ལུས་རྩལ་བྱ་གཞག་འཕེལ་རྒྱས་ཀྱི་དགོས་མཁོར་གཞིགས་པ། མཉམ་ལས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་དང་མཉམ་ལས་ཀྱི་ཁྱབ་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ཏེ། བོད་ཀྱི་ལུས་རྩལ་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

    རི་ཁུལ་དང་ཕྱི་རོལ་ལུས་རྩལ་རྣམ་གྲངས་འགྲན་བསྡུར་ཐད་མཉམ་ལས་བྱེད་ཟབ་ཏུ་གཏོང་བ་དང་། བོད་ཀྱི་དམིགས་བསལ་གྱི་རང་བྱུང་ཐོན་ཁུངས་ལ་བརྟེན་ནས་རི་འཛེག་དང་རྐང་འཁོར་བཞོན་ནས་བྱེས་བགྲོད་སོགས་ཀྱི་ཕྱི་རོལ་ལུས་རྩལ་རྣམ་གྲངས་ཀྱི་འགྲན་བསྡུར་བྱས་ཏེ། རང་ལྗོངས་ཀྱི་རིག་གནས་དང་། ལུས་རྩལ། ཡུལ་སྐོར་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས། བོད་ཀྱི་དམངས་ཡོངས་ལུས་སྦྱོང་ཆུ་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས་དམངས་ཡོངས་ལུས་སྦྱོང་བྱ་ཡུལ་ལ་སྒྲིག་ཆས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དམངས་ཡོངས་ལུས་སྦྱོང་གི་འགྲན་བསྡུར་བྱེད་སྒོ་རྒྱ་ཁྱབ་སྤེལ་བ། དམངས་ཡོངས་ལུས་སྦྱོང་གི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ལུས་སྦྱོང་དང་བདེ་ཐང་གི་དགོས་མཁོ་དེ་བས་ཡག་པོ་སྐོང་དགོས། ལུས་རྩལ་ཤེས་ལྡན་པ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས། རང་ལྗོངས་དང་ལྗོངས་ཕྱིའི་ཆུ་ཚད་མཐོ་བའི་ལུས་རྩལ་སློབ་གླིང་དབར་སྤེལ་རེས་མཉམ་ལས་བྱེད་པར་སྐུལ་འདེད་བཏང་སྟེ་མི་གྲངས་མང་བ་དང་། ལས་སྒོ་བྱང་ཆུབ་པ། གྲབས་རྗེས་དཔུང་ཁག་ལུགས་མཐུན་བཅས་ཀྱི་ལུས་རྩལ་ཤེས་ལྡན་པའི་དཔུང་ཁག་ཅིག་མཉམ་དུ་གསོ་སྐྱོང་བྱེད་དགོས།

    ཀའོ་ཀྲི་ཏན་གྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་རྟེན་འབྲེལ་ཞུས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དུས་ཡུན་རིང་པོའི་ནང་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ལས་དོན་ཁག་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ད་ཐེངས་ཀྱི་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོའི་གནས་ཚུལ་ངོ་སྤྲོད་གནང་ཞིང་། ཁོང་གིས་ད་ཐེངས་ཀྱི་བྱེད་སྒོའི་དམིགས་ཡུལ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལུས་རྩལ་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། དུས་རབས་གསར་པའི་ཀྲུང་གོའི་ལུས་རྩལ་པའི་འགན་འཁྲི་འཁུར་སེམས་དང་བསམ་པའི་ཉམས་འགྱུར་ཕྱོགས་ཡོངས་ནས་མངོན་པར་བྱས་ཏེ། ཀྲུང་ཧྭའི་ལུས་རྩལ་སྙིང་སྟོབས་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་བསམ་སྤྱོད་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་ཆེད་དེ་ཡིན། ཉེ་བའི་ལོ་ཤས་རིང་། བོད་ཀྱི་ལུས་རྩལ་བྱ་གཞག་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་ཕྱིན་པའི་གྲུབ་འབྲས་མིག་ལྡན་ཀུན་གྱིས་མཐོང་གསལ་ཡིན་ཞིང་། ལུས་རྩལ་ཁྱབ་ཁོངས་ཀྱི་རྒྱ་ཆེའི་མང་ཚོགས་ཀྱི་ཐོབ་སྣང་ཡང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་བོད་དང་སྤེལ་རེས་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས། མང་ཚོགས་ལུས་རྩལ་དང་རྩལ་འགྲན་ལུས་རྩལ་སོགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕུལ་བྱུང་ལུས་རྩལ་པ་ཤེས་རྟོགས་དང་། གསོ་སྐྱོང་། སྦྱོང་བརྡར་བཅས་མགྱོགས་མྱུར་བྱེད་པ། ལུས་རྩལ་བྱ་གཞག་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་རམ་འདེགས་དེ་བས་ཡག་པོ་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།

    བཞུགས་མོལ་ཚར་རྗེས། ཝང་ཅུན་ཀྲེང་སོགས་འགོ་ཁྲིད“ཀྲུང་གོའི་ལུས་རྩལ་སླར་ཡང་ཡང་རྩེར་འཛེགས་པའི”བརྗོད་དོན་གཙོ་བོའི་བྱེད་སྒོར་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།