དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལའེ་ཅའོ།
  • ལྗོངས་ཏང་ཨུད་རྩ་འཛུགས་པུས་ཚོགས་འདུ་འཚོགས་ནས།

    《བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ(སྒྲིག་ཁོངས་གཞུང་ལས་ཁང)ཡིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་རྒྱུན་སྲིང་ལྷོད་མེད་ངང་སྤྱོད་ཚུལ་ལེགས་སུ་གཏོང་རྒྱུའི་ལག་བསྟར་བྱ་ཐབས》ལ་ཞིབ་འཇུག་དང་བཟོ་བཅོས་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-22

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས་ཚོགས་འདུ་འཚོགས་ནས《བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ(སྒྲིག་ཁོངས་གཞུང་ལས་ཁང)ཡིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་རྒྱུན་སྲིང་ལྷོད་མེད་ངང་སྤྱོད་ཚུལ་ལེགས་སུ་གཏོང་རྒྱུའི་ལག་བསྟར་བྱ་ཐབས》ལ་ཞིབ་འཇུག་དང་བཟོ་བཅོས་བརྒྱབ་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ལའེ་ཅའོ་ཡིས། ལམ་ལུགས་ལ་བརྟན་ལྷིང་རང་བཞིན་དང་ཡུན་རིང་རང་བཞིན་ལྡན་ཡོད། 《ལག་བསྟར་བྱ་ཐབས》ནང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་བསྡུར་བ་ཡང་ཡང་བཏང་བ་དང་། ཉེ་བའི་ལོ་ཤས་རིང་པུའི་ལས་ཁུངས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་གི་དོན་དངོས་དང་ཟུང་འབྲེལ་བྱས་པ་མ་ཟད། ད་དུང་ཆབ་སྲིད་ཚད་གཞིར་བརྩི་བ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་པ། ནན་ལ་ཞིབ་ཚགས་པ། གནད་ལ་འཁེལ་ཞིང་ཚད་དང་ལྡན་པ་བཅས་མཐའ་འཁྱོངས་ཀྱིས་ཕྱོགས་10ནས་ཞིབ་ཕྲའི་བྱ་ཐབས་དོན་ཚན་31བཏོན་ཏེ། པུའི་ལས་ཁུངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པར་བླང་བྱ་ཁ་གསལ་པོ་དང་ཞིབ་ཕྲ་བཏོན་ཡོད། པུའུ་དོན་ཨུ་ལྷན་གྱི་ཚན་ཁག་གི་ཁོངས་མིས་རང་དཔེ་གཞན་སྟོན་གྱིས་རང་ངོས་གསར་བརྗེའི་འགན་འཁྲི་འཁུར་བ་དང“ལས་གནས་གཅིག་ལ་འགན་འཁྲི་གཉིས”ལག་བསྟར་ནན་ཏན་བྱས་ཏེ་རང་ཉིད་ནན་གཅུན་དང་། རང་འགན་ནན་འཁུར། རང་ཁོངས་ནན་འདོམས་བཅས་བྱེད་དགོས་པ་དང་། པུའི་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པས་སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་ལམ་ལུགས་ཀྱི་འདུ་ཤེས་ཇེ་ཟབ་ཏུ་བཏང་སྟེ། དུས་དང་རྣམ་པ་ཀུན་ཏུ་སྤྱོད་གཙང་རང་གཅུན་གྱི་རྩ་བ་དམ་པོར་བཟུང་ནས་འཇིགས་བཀུར་ཤེས་པ་དང་། དོགས་ཟོན་ཆེན་པོ་བྱེད་པ། མཐའ་ཚད་སྲུང་བ་མ་ཟད། མི་ཚུལ་ལྡན་བྱེད་པ་དང་བྱ་བ་གཙང་མར་སྒྲུབ་དགོས་པ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ་དང་མུ་མཐུད་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་དེ་ལས་སྒྲུབ་ལས་གཏོད་ཀྱི་ཕན་འབྲས་དངོས་སུ་བསྒྱུར་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་རྒྱུར་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།