དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ཚན་རྩལ་ཁྱབ་ཁོངས་ཀྱི་གཙོ་གནད་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-21

    ཉིན་ཤས་གོང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་དང་བཅས་པ་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་དང་། རང་སྐྱོང་ལྗོངས་ཚན་རྩལ་གསར་གཏོད་གླིང་། བོད་ལྗོངས་ཀའོ་ཁྲི་ཚན་རྩལ་ཆ་འཕྲིན་ཐོན་ལས་ཚོགས་པ་ཚད་ཡོད་ཀུང་སི་བཅས་ལ་བསྐྱོད་ནས་རང་ལྗོངས་ཀྱི་ཉེར་སྤྱོད་ལག་རྩལ་ཞིབ་འཇུག་དང་། ཚན་རྩལ་གྲུབ་འབྲས་གཞན་སྒྱུར། ཁེ་ལས་སྐྱེད་སྲིང་ལས་སྟེགས། ཚན་རྩལ་རྣམ་གྲངས་དོ་དམ། གྲངས་འཛིན་ཆ་འཕྲིན་ལག་རྩལ་ཞབས་ཞུ་སོགས་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གནང་བ་རེད།

    བརྟག་ཞིབ་ཚོགས་པས། སྡེ་ཚན་ཁག་གིས་སྲིད་གཞུང་གིས་ཁྲིད་སྟོན་དང་། ཁེ་ལས་ཀྱིས་གཙོ་ཁྲིད། སྤྱི་ཚོགས་ཀྱིས་མཐུན་སྦྱོར། དངུལ་རྩའི་མཐུན་རྐྱེན་སྦྱོར་བའི་ནུས་པ་འདོན་སྤྲོད་བཅས་ཀྱི་འཁོར་རྒྱུག་བཟང་པོར་ཤུཌ་སྣོན་བརྒྱབ་སྟེ། ཕྱོགས་མང་པོའི་ཐོན་ཁུངས་བསྡུ་སྒྲིལ་དང་། མཉམ་འགུལ་གཞོགས་འདེགས་དམ་ཟབ། ཐོན་ཁུངས་ལེགས་ཆ་དང་ཟུང་འབྲེལ། བྱེད་ནུས་ཀྱི་ངེས་གནས་གཏན་འཁེལ་བཅས་བྱེད་པ་དང་། སྲིད་ཇུས་དང་། ཤེས་ལྡན་པ། ལག་རྩལ། ཞབས་ཞུ་སོགས་ཐད་ཀྱི་འགན་སྲུང་བྱེད་ཐབས་རྒྱུན་མཐུད་ལེགས་སུ་བཏང་སྟེ། “ཕྱིར་སྐྱོད་པ་དང་ནང་དུ་གདན་འདྲེན་པ”ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་ནས་བོད་ཀྱི་ལྗོངས་བབ་དང་མཐུན་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཚམ་པ། ཚན་རྩལ་འདུས་ཚད་མཐོ་བའི་གསར་གཏོད་རྣམ་པའི་ཁེ་ལས་དེ་བས་མང་བ་གསོ་སྐྱོང་ཧུར་ཐག་བྱེད་དགོས། ཁེ་ལས་ཀྱི་འགྲན་རྩོད་ནུས་པ་དང་གསར་གཏོད་ཆུ་ཚད་བརྟན་པོའི་ངང་ཆེ་རུ་བཏང་ནས་སྣ་མང་ཅན་གྱི་ཚན་རྩལ་མ་འཇོག་ལ་སྐུལ་འདེད་གཏོང་བ་དང་། ཚན་རྩལ་རྣམ་གྲངས་དོ་དམ་དང་ཉེར་སྤྱོད་གྲུབ་འབྲས་གཞན་སྒྱུར་ལ་ཤུགས་སྣོན་རྒྱག་པ། ཡུལ་བབ་དང་མཐུན་པའི་ངང་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་ཚན་རྩལ་གསར་གཏོད་ཀྱི་མཐོ་ས་ཧུར་ཐག་གཏོད་དགོས་ཞེས་ནན་བཤད་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།