བསྟན་པས་2025ལོའི་ལོ་འཁོར་གྱི་ལས་བགོས་འགན་གཉེར་སྡེ་ཚན་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་གཙོ་སྐྱོང་གནང་བ།
ཚེས་16ཉིན་གྱི་སྔ་དྲོར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བསྟན་པས་2025ལོའི་ལོ་འཁོར་གྱི་ལས་བགོས་འགན་གཉེར་སྡེ་ཚན་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་གཙོ་སྐྱོང་གནང་ནས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དང་དོན་འཁྱོལ་གནང་བ་མ་ཟད། འབྲེལ་ཡོད་ལས་དོན་གྱི་སྙན་སེང་གསན་ནས། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་གནང་བ་རེད།
བསྟན་པས་ནན་བཤད་གནང་དོན། རིཌ་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པ་དང་སྒྲིག་ཁྲིམས་སློབ་གསོ་མུ་མཐུད་གཏིང་ཟབ་སྤེལ་ནས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་། ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་ཡུན་རིང་གི་ལས་འགན་དུ་བརྩི་རྒྱུ་མཐའ་འཁྱོངས་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་རྗེས་མཐུད་ལས་དོན་ལ་དམ་འཛིན་ཞིབ་ཚགས་བྱས་ཏེ་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས། སྐོར་གཟིགས་དང་རྩིས་བཤེར་སོགས་ཀྱིས་ཚུར་ལན་སྤྲད་པའི་གནད་དོན་བཅོས་སྒྲིག་ལ་མཐའ་གཅིག་ཏུ་དམ་འཛིན་ཡག་པོ་བྱེད་པ་དང“འཕྲལ་མར་བཅོས་སྒྲིག”དང“ཡུན་རིང་འཛུགས་པ”ཟུང་འབྲེལ་མཐའ་འཁྱོངས་བྱས་ནས་ཕུགས་ཕན་ལམ་སྲོལ་འཛུགས་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ལ་དམིགས་ཏེ། སྲིད་གཙང་ཉེན་ཁར་སྟབས་བསྟུན་གྲལ་བཤེར་གྱིས་དབང་ཆ་འཁོར་སྐྱོད་ལ་ཚོད་འཛིན་དང་ལྟ་སྐུལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁུར་བ་ཨང་དང་པོའི་འགན་འཁྲི་དང“གནས་གཅིག་འགན་གཉིས”ལག་བསྟར་ནན་ཏན་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲིར་ཤུགས་སྣོན་རྒྱག་པ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་སྔར་བས་བྱེད་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གཏིང་ཟབ་ཀྱི་ཕྱོགས་སུ་ཁྲིད་སྟོན་རྒྱུན་ཆད་མེད་པར་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་བསུ་བ་ཞུ་དགོས།
འབྲེལ་ཡོད་གསར་འགྱུར།