དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>དབང་ཧའེ་ཀྲོའུ།
  • “འོད་སྟོང་འཕྲོ་བའི་ལོ་ངོ་60ཡིད་དབང་འཕྲོག་པའི་བོད་གསར”ཞེས་པའི་གཅིག་སྡུད་བཅར་འདྲིའི་བྱེད་སྒོ་ཆེ་གྲས་ལྷ་སར་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-17

    ཟླ་7ཚེས་15ཉིན་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་སྒྲིག་འཛུགས་བྱས་པའི“འོད་སྟོང་འཕྲོ་བའི་ལོ་ངོ་60 ཡིད་དབང་འཕྲོག་པའི་བོད་གསར”ཞེས་པའི་གཅིག་སྡུད་བཅར་འདྲིའི་བྱེད་སྒོ་ཆེ་གྲས་ལྷ་སར་སྤེལ་འགོ་ཚུགས་པ་དང་། ཀྲུང་དབྱང་དང་། ཞིང་ཆེན་གཞན་དག(རང་སྐྱོང་ལྗོངས་དང་གྲོང་ཁྱེར) བོད་ས་གནས་བཅས་ཀྱི་གསར་འགྱུར་སྨྱན་སྦྱོར་གཙོ་བོའི་འཐུས་མི་ཞུགས་ཡོད་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་འགོ་ཚུགས་མཛད་སྒོར་ཞུགས་པ་དང་ཀྲུང་དབྱང་དྲིལ་བསྒྲགས་པུའི་གསར་འགྱུར་མཐུན་སྦྱོར་ཚོགས་ཆུང་གི་འབྲེལ་ཡོད་བློ་མཐུན་གྱིས་ཤིས་ཚིག་གསུངས་པ་རེད།

    གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ད་ཐེངས་བཅར་འདྲི་ཚོགས་པས་ལམ་ཐིག་གསུམ་ལ་དབྱེ་ནས་ས་ཁུལ་དང་གྲོང་ཁྱེར་བདུན་གྱི་བཅར་འདྲི་བྱ་ཡུལ་40ལྷག་ཙམ་དུ་ཟབ་བསྐྱོད་ཀྱིས་རང་སྐྱོང་ལྗོངས་ཀྱི“དོན་ཆེན་བཞིར”དམ་འཛིན་དང“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”སྐུལ་འདེད་བཏང་བར་ཐོབ་པའི་འཕེལ་རྒྱས་དང་ཕན་འབྲས་གཙོ་གནད་དུ་བྱེད་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་རྒྱུ་གཙོ་རྐང་དུ་བཟུང་སྟེ། ཕྱོགས་ཡོངས་དང་ཟུར་ཚད་མི་འདྲ་བའི་སྒོ་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་དང་རྣམ་པ་གསར་རྐྱང་མངོན་པར་བྱས་ནས། མངོན་སུམ་དང་། གསོན་ཉམས་དོད་པ། ཕྱོགས་བསྡུས་བཅས་ཀྱི་སྒོ་ནས་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་། རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བློ་སེམས་གཅིག་མཐུན་དང་མཐུན་སྒྲིལ་འབད་འཐབ་བཅས་ཀྱི་གཏམ་རྒྱུད་བརྗོད་དེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་བོད་ཀྱི་ལེའུ་གསར་རྩོམ་པའི་གསོན་ཉམས་དོད་པའི་ལག་ལེན་ཕྱོགས་ཡོངས་ནས་མངོན་རྒྱུ་ཡིན་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།