དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལའེ་ཅའོ།
  • ལའེ་ཅའོ་ཡིས་ཏང་ཡོན་དཀྱུས་མའི་མིང་ཐོག་ནས་ཏང་ཀྲི་པུའི་སློབ་སྦྱོང་ལ་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-17

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས་ཏང་ཡོན་དཀྱུས་མའི་མིང་ཐོག་ནས་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་གཞུང་ལས་ཁང་གི་ཏང་ཀྲི་པུའི་སློབ་སྦྱོང་དང་གྲོས་བསྡུར་ནང་ཞུགས་ཏེ“སློབ་སྦྱོང་དང་། བཤེར་འདོན། དག་ཐེར”བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་གཏོང་བར་ཆེད་དོན་ཟུར་ཁྲིད་བྱས་པ་རེད།

    ལའེ་ཅའོ་ཡིས་བསྟན་དོན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ནི་དུས་རབས་གསར་པའི་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་གི་ཁ་དན་ཚིག་གནས་ཀྱི་བྱ་སྤྱོད་ཅིག་ཡིན་ཞིང་། དེ་ཐོག་ནས་རང་རེའི་ཏང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་མང་ཚོགས་དང་འབྲེལ་གཏུག་དམ་ཟབ་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་། ལམ་ལུགས་ཀྱི་བཙན་ཐབས་འཆུན་འདོམས་དང་སྤྱོད་ཚུལ་གྱི་བབ་བསྟུན་ཁྲིད་སྟོན་གྱི་རྩོད་སྒྲུབ་གཅིག་གྱུར། ལམ་ལུགས་གསར་གཏོད་དང་རིག་གནས་ཀྱི་རང་རྟོགས་མཉམ་འདྲེས་གཏིང་ཟབ་བཅས་གཅིག་སྡུད་ཐོག་མངོན་ཡོད། གཞུང་ལས་ཁང་ནི་ལས་ཁུངས་ཀྱི“མདུན་ཕྱོགས་ཀྱི་སོ་ལྟ”དང“སྒོ་ར་རྒྱབ་མ”ཡིན་པས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལ་བརྟེན་ནས་ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་གཏོད་པ་དང་། ཆབ་སྲིད་ཀྱི་ཚུགས་གནས་བརྟན་པ་དང་། ལས་སྒོ་བྱང་ཆུབ་པ། སྒྲིག་ཁྲིམས་ནན་པ་བཅས་ཀྱི་དམག་ཧྲག་ཅིག་གཏོད་དགོས། ལས་དོན་རེ་རེ་དང་། ལྷུ་ཚིགས་རེ་རེ། ཡིག་ཆ་རེ་རེ་བཅས་ལ་འགན་འཁྲི་ཧ་ཅང་ཆེན་པོ་ཁུར་བ་དང་། སེམས་ཤུགས་ཆེན་པོ་འདོན་པ། ཞིབ་ཚགས་ནན་པོ་བྱེད་པ་བཅས་ཀྱི་ཐོག་ནས་ཡག་ཐོག་ཡག་བརྩེགས་ཀྱི“བཟོ་བོ”ཞིག་བྱེད་དགོས། རང་ཉིད་དང་ནང་མིར་དོ་དམ་ཡག་པོ་བྱས་ནས། གཞུང་དྲང་སྤྱོད་གཙང་གི་རྩ་བར་བརྩི་སྲུང་ནན་པོ་ཞུ་བ་དང་། སྒྲིག་བཀུར་ཁྲིམས་སྲུང་གི“སྤྱོད་གཙང་བ”ཞིག་བྱེད་དགོས། ཕྲག་ཐོག་ཏུ་འཁུར་བའི་དམིགས་བསལ་གྱི་འགན་འཁྲིར་ངོས་འཛིན་གཏིང་ཟབ་ཀྱིས་ཚད་གཞི་དེ་བས་མཐོ་བ་དང་། བླང་བྱ་དེ་བས་ནན་པ། བྱེད་ཐབས་དེ་བས་ཏན་ཏིག་བཅས་ཀྱི་ཐོག་ནས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་བྱས་ཏེ་རྩ་འཛུགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།