དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་དང་ཀྲུང་གོ་ཞིང་ལས་དངུལ་ཁང་གི་ཏུང་ཧྲི་ཀྲང་ཀུའུ་ཧྲུའུ་ཡིས་བཞུགས་མོལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-16

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་ཀྲུང་གོ་ཞིང་ལས་དངུལ་ཁང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ཀུའུ་ཧྲུའུ་བཅས་པ་དང་བཞུགས་མོལ་གནང་ཞིང་། འདི་ནི་བཞུགས་མོལ་བྱེད་བཞིན་པ།

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་ཀྲུང་གོ་ཞིང་ལས་དངུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ཀུའུ་ཧྲུའུ་བཅས་པ་དང་བཞུགས་མོལ་གནང་བ་རེད།

    ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཀུའུ་ཧྲུའུ་བཅས་པར་དགའ་བསུ་ཞུས་གནང་བ་དང་། ཀྲུང་གོ་ཞིང་ལས་དངུལ་ཁང་གིས་དུས་ཡུན་རིང་པོར་བོད་ལྗོངས་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་ཆབས་ཅིག བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་བ་རེད། ཁོང་གིས་གསུངས་དོན། ལོ་མང་པོའི་རིང་། ཀྲུང་གོ་ཞིང་ལས་དངུལ་ཁང་གིས་ལྟེ་བར་དམིགས་པ་དང་། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། གཞི་རིམ་དུ་རྩ་བ་ཚུགས་པ། “ཞིང་གསུམ”ལ་ཞབས་འདེགས་ཞུ་བ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད། ཞིང་ལས་དངུལ་ཁང་བོད་ཡན་ལག་དངུལ་ཁང་གིས་ལས་ཀའི་ངེས་གནས་གནད་འཁེལ་བཙལ་ནས་འགན་ནུས་དང་འགན་འཁྲི་ཧུར་ཐག་བསྒྲུབས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

    སླད་ཕྱིན་ཕྱོགས་གཉིས་ཀྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མཉམ་དུ་ལག་བསྟར་དོན་འཁྱོལ་བྱས་ཐོག ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་པར་སྐུལ་འདེད་གཏོང་རྒྱུ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་དེ་ལས་དོན་གྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ་དང་། དངུལ་རྩའི་ལས་དོན་གྱི་ཆབ་སྲིད་རང་བཞིན་དང་མི་དམངས་རང་བཞིན་ལག་ལེན་བསྟར་བ། དངུལ་རྩའི་ལས་དོན་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་བཞག་ནས་ཞིབ་འཇུག་བསམ་གཞིག་དང་འཆར་འགོད་སྐུལ་འདེད་གཏོང་བ། ཏང་ཀྲུང་དབྱང་གིས་བོད་ལ་གནང་བའི་དངུལ་རྩའི་ཐད་ཀྱི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ཁག་དོན་འཁྱོལ་ནན་ཏན་བྱེད་པ། སྲིད་ཇུས་ཀྱི་གནད་སྨིན་རང་བཞིན་དང་ནུས་ལྡན་རང་བཞིན་ཆེ་རུ་གཏོང་བ། དེང་རབས་དངུལ་རྩའི་ཞབས་ཞུའི་མ་ལག་སྤུས་ཚད་མཐོ་པོས་འཛུགས་སྐྲུན་བཅས་བྱས་ཏེ། དངུལ་རྩའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་དང་། སོ་སོའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཐོག་དབུལ་སྒྲོལ་འགག་གྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ལ་དམིགས་ནས་མཉམ་ལས་ཟབ་གཏོང་དང་། དམངས་འཚོ་ལེགས་གཏོང་། མི་སེམས་གཅིག་སྒྲིལ་བཅས་བྱེད་པ་དང་ཆབས་ཅིག དངུལ་རྩའི་གསར་གཏོད་དང་ཇུས་འདོན་གནད་སྨིན་བྱས་པ་བརྒྱུད་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ། ཤེས་ལྡན་པའི་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་མི་འབོར་གྱི་བྱང་ཚད་མཐོར་གཏོང་དང་། མི་སེམས་གཅིག་སྒྲིལ། ཤེས་ལྡན་པ་གསོ་སྐྱོང་བཅས་ཀྱི་ལས་དོན་མུ་མཐུད་ཡག་པོར་སྒྲུབ་པ། ཕྱོགས་ཁག་གི་བརྩོན་སེམས་སྐོང་འཐེན་གང་ལེགས་བཅས་བྱས་ཏེ། ཤེས་ལྡན་པ་འཕེལ་རྒྱས་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་རྒྱུའི་རེ་བ་བྱེད་ཀྱི་ཡོད། བོད་ཀྱིས་ཞིང་ལས་དངུལ་ཁང་ཚུད་པའི་དངུལ་རྩའི་སྒྲིག་གཞི་སྣ་ཚོགས་ལ་ཞབས་འདེགས་སྔར་བས་ཡག་པོ་ཞུས་ཏེ་ལག་གདང་སྦྲེལ་ནས་གཉིས་ཁེ་གཉིས་ཕན་ཡོང་བར་བྱ་རྒྱུ་ཡིན།

    ཀུའུ་ཧྲུའུ་ཡིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་ཐོབ་པར་རྟེན་འབྲེལ་ཞུས་པ་དང་སྦྲགས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་གོ་ཞིང་ལས་དངུལ་ཁང་གི་བོད་ཀྱི་ལས་སྒོ་འཕེལ་རྒྱས་ལ་དོ་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས། ཀྲུང་གོ་ཞིང་ལས་དངུལ་ཁང་གིས་བོད་ཀྱི་དོན་དངོས་ལ་གཞི་བཙུགས་ཐོག“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན་བརྒྱབ་ནས་སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་རྒྱུ་དང་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཐད་ཀྱི་དངུལ་རྩའི་ཐོན་རྫས་ཕུན་སུམ་ཚོགས་སུ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། དངུལ་རྩའི་ལས་ཆོད་ཆེ་རུ་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པར་དངུལ་རྩའི་རྒྱབ་སྐྱོར་ནུས་ལྡན་བྱ་རྒྱུ་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།