རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཚོགས་འདུ་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་པ།
ལིའུ་ཅང་གིས་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ།
ཟླ་7ཚེས་10ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ལིའུ་ཅང་གིས་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་2025ལོའི་ཚོགས་འདུ་ཐེངས་10པ་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2025ལོའི་སློབ་སྦྱོང་ཚོགས་འདུ་ཐེངས་6པ་གཙོ་སྐྱོང་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་གལ་ཆེན། འཕྲིན་ལན་གལ་ཆེན་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། སྲིད་གྲོས་ཀྱི་ལག་བསྟར་དོན་འཁྱོལ་གྱི་བསམ་འཆར་ལ་ཞིབ་འཇུག་གནང་བ་མ་ཟད། སྲིད་གྲོས་ཀྱི་སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ་ཚུལ་སོགས་ཀྱི་སྙན་སེང་གསན་པ་རེད།
བསོད་ནམས་ཉི་མ་དང་། རྡོ་རྗེ་ཚེ་སྒྲུབ། ངག་དབང་། སྒྲོལ་དཀར། ཡུས་ཡུན་ཀུའེ་བཅས་ཞུགས་པ་དང་། བཀྲ་ཤིས་ཟླ་བ་ཟུར་ཞུགས་གནང་བ་རེད།
ལིའུ་ཅང་གིས་ནན་བཤད་གནང་དོན། སྲིད་གྲོས་ཏང་ཙུའུ་དང་། ཞུགས་མཁན་ཚན་པ་ཁག་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན། ལས་ཁུངས་ཀྱི་ལས་བྱེད་པ་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་ཡུལ་མི་ཡོངས་ལ་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། བཀའ་དྲིན་ཚོར་བཞིན་མདུན་སྐྱོད་དང་། ཐེག་འཁུར་བྱས་རྗེས་འཇོག་པ། དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་བློ་བརྟན་འགྱུར་མེད་ངང“གཏན་འཁེལ་གཉིས”ལ་བརྩི་སྲུང་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་པོར་བཙུགས་ནས། སྣེ་ཁྲིད་དེ“འདུ་ཤེས་གསུམ”བརྟན་པོར་འཛུགས་པ་དང་། སྣེ་ཁྲིད་དེ“མི་རིགས་མཐུན་སྒྲིལ་ང་ཡིས་ལག་ལེན་བསྟར་བའི”དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ནས་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་མཐའ་གཅིག་ཏུ་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས། དམངས་ལ་གྲོས་མོལ་དང་དམངས་ཀྱི་ཆེད་དུ་གྲོས་མོལ་རྒྱུན་འཁྱོངས་བྱས་ཏེ། དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་། དམངས་ཀྱི་སེམས་ཁྲལ་སེལ་བ། དམངས་ལ་དྲོ་སྐྱིད་སྦྱིན་པ་བཅས་ཀྱི་ལས་དོན་མང་ཙམ་བསྒྲུབས་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དགོས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ། ལྗང་མདོག་འཕེལ་རྒྱས་དང་། ནུས་རྒྱུ་གཙང་མ། སྐྱེ་ཁམས་ཡུལ་སྐོར། མཛེས་མཐུན་གྲོང་གསེབ་སོགས་ལ་དམིགས་ནས་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ཏེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་རམ་འདེགས་བྱེད་དགོས། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས་སྲིད་གྲོས་ཀྱི་འགན་ནུས་འདོན་སྤེལ་བྱས་ཏེ་དར་རྒྱས་བརྟན་ལྷིང་གི་མེས་རྒྱལ་གྱི་མཐའ་མཚམས་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས།
ལིའུ་ཅང་གིས་བླང་བྱ་བཏོན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་མུ་མཐུད་ཟབ་སྦྱོང་མཐིལ་རྟོགས་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དང་བསྡུར་ནས་ཞན་ཆ་འཚོལ་བ་དང་། ཧེ་བག་འཚོལ་བ། ཆད་སྐྱོན་སེལ་བ་བཅས་བྱས་ཏེ་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་གཏོང་དགོས། བསམ་བློའི་ངོས་འཛིན་སྔར་བས་ཟབ་ཏུ་བཏང་སྟེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལ་དངོས་འབྲེལ་གོ་བ་གཏིང་ཟབ་ལེན་པ་དང་། ཁོང་དུ་ཆུད་པ། དོན་འཁྱོལ་ཡག་པོ་བཅས་བྱེད་དགོས། དག་ཐེར་བཅོས་སྒྲིག་བྱེད་པའི་ཐད་གྲུབ་འབྲས་དངོས་ཐོབ་པར་བྱས་ཏེ། གྲི་དངོ་རང་གཏད་ཀྱི་ཆོད་སེམས་དང་བློ་སྟོབས་སྔར་བས་ཆེ་རུ་བཏང་ནས་གནད་དོན་བཅོས་སྒྲིག་མཐར་ཕྱིན་བྱེད་དགོས། སྒྲིག་སྲོལ་ལམ་ལུགས་འཛུགས་པའི་ཐད་གྲུབ་འབྲས་ཐོབ་པར་བྱས་ཏེ། ལམ་ལུགས་ཀྱི་ཞན་ཆ་སྔར་བས་སེལ་བ་དང་རྩ་ལག་མཉམ་བཅོས་ལ་སྐུལ་འདེད་བཏང་ནས་སློབ་སྦྱོང་སློབ་གསོར་མགོ་ཡོད་ལ་མཇུག་ཡོད་པར་འགན་ལེན་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།