དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀརྨ་ཚེ་བརྟན།
  • ཀརྨ་ཚེ་བརྟན་གྱིས་ཆབ་མདོ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-14

    ཚེས་9དང་10ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་ཆབ་མདོ་གྲོང་ཁྱེར་དུ་བརྟག་ཞིབ་གནང་ཞིང་། ཁོང་གིས“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་ཡུལ་བབ་དང་བསྟུན་ནས་ས་མཐོའི་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་ཆེར་གཏོང་བ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བ། སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་རིགས་ཁག་གི་མང་ཚོགས་ལ་དེ་བས་མང་ལ་དྲང་གཞག་གི་ཕན་པ་ཐོབ་པ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ཧུར་ཐག་རྩོམ་དགོས་ཞེས་ནན་བཤད་གནང་བ་རེད།

    ལྷོ་རོང་རྫོང་དམར་རི་གྲོང་རྡལ་རྡོ་རྒྱ་ཐུང་གྲོང་ཚོའི་གེགས་རྗེས་བདེ་སྐྱིད་གྲོང་གསར་སླར་གསོ་བསྐྱར་སྐྲུན་བྱས་པར་ཇུས་འགོད་ཞིབ་ཚགས་ལ་བོད་བཟོའི་ཁྱད་ཆོས་ལྡན་པའི་ཐོག་སོ་གཉིས་ལྡན་གྱི་སྡོད་ཁང་སྟར་པ་དང་སྟར་པ་བྱས་ཏེ་བསྐྲུན་ཡོད་པ་རེད། ཀརྨ་ཚེ་བརྟན་མང་ཚོགས་ཀྱི་ཁྱིམ་དུ་ཕེབས་ཏེ་ངོ་ཐུག་གདོང་འཕྲད་ཀྱིས་འཚོ་བའི་སྐོར་བཀའ་འདྲི་གནང་བ་དང་། དམངས་ཀྱི་བསམ་ཚུལ་གསན་པ། འཕེལ་རྒྱས་ཀྱི་སྐོར་གླེང་སྟེ། ཚང་མར་ཏང་གི་སྲིད་ཇུས་བཟང་པོའི་སྣེ་ཁྲིད་འོག་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དགོས་པའི་ལྕག་སྐུལ་གནང་བ་རེད།

     ཁོང་གིས། རང་རྟོགས་ངང་ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་རྒྱུ་དེ“ཞིང་གསུམ”ལས་དོན་གྱི་ལྟེ་བའི་ལས་འགན་དུ་བརྩིས་ནས་རྩ་འཛུགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཐབས་བརྒྱ་ཇུས་སྟོང་གིས་ཞིང་འབྲོག་པའི་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་སྐྱེད་བཏང་ནས་གཞི་ཁྱོན་ལྡན་པའི་དབུལ་ལོག་དང་དབུར་པོར་མི་འགྱུར་བའི་མཐའ་ཚད་ཡུན་རིང་བརྟན་སྲུང་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཐོན་ལས་ནི་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་ཞིང་། ལྷོ་རོང་རྫོང་ལྷོ་རྫོང་ཁྱད་ལྡན་ཐོན་རྫས་གསར་སྤེལ་ཀུང་སི་དང་། ཆབ་མདོ་གྲོང་ཁྱེར་ནོར་གནག་མ་རྐང་ཚད་ཡོད་ཀུང་སི། རི་བོ་ཆེ་རྫོང་གངས་ལྗོངས་རིས་མེད་བོད་སྨན་རྒྱུ་ཆ་ཞིབ་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིར་ཀརྨ་ཚེ་བརྟན་འཁོར་ཁང་དུ་ཕེབས་ནས་ཐོན་རྫས་ལ་གཟིགས་པ་དང་ཁྲོམ་རའི་གནས་ཚུལ་བཀའ་འདྲི་གནང་སྟེ་ས་གནས་ས་ཐོག་ཏུ་ནས་དང་། ནོར་གནག བོད་སྨན་སོགས་ས་མཐོའི་ཁྱད་ལྡན་ཐོན་རྫས་ཀྱི་ཐོན་ལས་བཀོད་པ་དང་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་བཀའ་འདྲི་གནང་བ་མ་ཟད། ཁེ་ལས་ཀྱི་འབྲེལ་ཡོད་འགན་འཁུར་བ་དང་སྤེལ་རེས་གཏིང་ཟབ་ཀྱང་གནང་ནས་ཁོང་ཚོར་འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ་དང་། ཁྲོམ་རའི་དགོས་མཁོར་དམིགས་པ། ཞིབ་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། རྒྱུན་བསྲིངས་ལྷོད་མེད་ངང་ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་སྤུས་རྟགས་བཏོད་དེ་འགྲན་རྩོད་ནུས་པ་ལྡན་པའི་ཐོན་རྫས་གཙོ་བོ་དེ་བས་མང་བ་ཁྱབ་གདལ་བཏང་སྟེ་ཁེ་ལས་རྒྱ་སྟོབས་ཆེ་རུ་དང་ལེགས་སུ་གཏོང་དགོས་པའི་ལྕག་སྐུལ་གནང་བ་རེད། ཁོང་གིས། སྲིད་གཞུང་དང་། ཁེ་ལས། མཐོ་སློབ་སོགས་ཕྱོགས་ཁག་གི་སྟོབས་ཤུགས་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་ནས་ནུས་མཐོའི་ཚན་རྩལ་གསར་གཏོད་ལས་སྟེགས་འཛུགས་པ་དང་རིམ་མཐོའི་ཤེས་ལྡན་པ་གདན་ཞུ་གསོ་སྐྱོང་ལ་སྤྱི་འདོམས་ནུས་ལྡན་བྱས་ཏེ་སློབ་གསོ་ཚན་རྩལ་དང་ཤེས་ལྡན་པ་གཞི་གཅིག་འཕེལ་རྒྱས་ལ་སྐུལ་འདེད་དང་གསར་གཏོད་འཁོར་འབྲེལ་དང་། ཐོན་ལས་འཁོར་འབྲེལ། མ་དངུལ་འཁོར་འབྲེལ། ཤེས་ལྡན་པའི་འཁོར་འབྲེལ་བཅས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། དྲ་ཐོག་དང་དྲ་ཕྱིར་མཉམ་དུ་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་བྱས་ཏེ་ཐོན་སྤྲོད་ཚོང་གསུམ་གྱི་འཁོར་འབྲེལ་ཧྲིལ་པོ་སྦྲེལ་མཐུད་ཀྱིས་ཁྱད་ལྡན་ཐོན་ལས་ཁ་ཐོར་ཐོན་སྐྱེད་ནས་གཞི་ཁྱོན་ཅན་དང་། ཚད་ལྡན་ཅན། སྤུས་རྟགས་ཅན། གྲངས་འཛིན་ཅན་བཅས་ཀྱི་གཉེར་སྐྱོང་དུ་བསྒྱུར་རྒྱུར་སྐུལ་འདེད་བཏང་ནས་ས་མཐོའི་ཁྱད་ལྡན་ཐོན་རྫས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་དང་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་རྒྱུན་ཆད་མེད་པར་བསྒྱུར་དགོས། ཞིང་འབྲེལ་ཞིང་ཁྲིད་ཀྱི་ཁེ་ཕན་འབྲེལ་མཐུད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་ཁེ་ལས་དང་ཞིང་འབྲོག་པས་ཐོན་ལས་འཁོར་འབྲེལ་ཐད་ལེགས་ཆ་གསབ་རེས་དང་། ལས་བགོས་མཉམ་ལས། གཉིས་ཕན་ཡོང་བ་བཅས་ལ་སྐུལ་འདེད་བཏང་ནས་རྒྱ་ཆེའི་ཞིང་འབྲོག་པར་ཐོན་ལས་ཀྱི་གནས་འཕར་དང་ཡོང་འབབ་དེ་བས་མང་བ་ཡོང་བར་བྱས་ཏེ་ཁྱད་ལྡན་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཞིང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་དངོས་འབྲེལ་ཡོང་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཀརྨ་ཚེ་བརྟན་གྱིས་ད་དུང་གྲོང་ཁྱེར་གསར་བརྗེས་དང་ནགས་དཔོན་ལམ་ལུགས་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་དང་ས་གནས་ས་ཐོག་ཏུ་གཙང་པོར་སྐོར་ཞིབ་དང་སྦྲགས་ཁང་གསར་དཔའ་བོའི་དྲན་གསོའི་རྡོ་རིང་ལ་གཟིགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།