ཝང་ཅུན་ཀྲེང་གིས་ཧྥུའུ་ཏན་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་ཆིའུ་ཤིན་དང་བཞུགས་མོལ་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་ཧྥུའུ་ཏན་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་ཆིའུ་ཤིན་བཅས་པ་དང་བཞུགས་མོལ་གནང་ཞིང་། འདི་ནི་བཞུགས་མོལ་གནང་ཡུལ་ཡིན་པ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་ཧྥུའུ་ཏན་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་ཆིའུ་ཤིན་བཅས་པ་དང་བཞུགས་མོལ་གནང་བ་རེད།
ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཆིའུ་ཤིན་དང་བཅས་པ་བོད་དུ་བརྟག་ཞིབ་ལ་ཕེབས་པར་དགའ་བསུ་ཞུས་པ་དང་། ཧྥུའུ་ཏན་སློབ་ཆེན་གྱིས་དུས་ཡུན་རིང་པོའི་ནང་བོད་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་་གནང་ཞིང་། ཁོང་གིས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞིར་རྒྱུན་མཐུད་དམ་འཛིན་ཡག་པོ་བྱས་ཏེ། བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་རྒྱུན་ཆད་མེད་པར་བཏང་ཡོད། མིག་སྔའི་བོད་ལྗོངས་འདི་ཉིད་ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་དེ་བས་བརྟན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་ཡག་པོ་བྱུང་བ། དམངས་འཚོའི་བྱ་གཞག་ལེགས་སུ་རྒྱུན་མཐུད་ཕྱིན་པ་བཅས་ལས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་ཡག་པོ་བསྐྱོད་ཐུབ་པ་བྱུང་ཡོད་ཅེས་གསུངས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཧྥུའུ་ཏན་སློབ་ཆེན་ནི་རང་རྒྱལ་གྱི་མཐོ་རིམ་སློབ་གྲྭ་གྲགས་ཅན་ཞིག་ཡིན་ཞིང་། རྒྱལ་ཁབ་ཀྱི་ཆེད་དུ་ཕུལ་བྱུང་ཤེས་ལྡན་པ་འབོར་ཆེན་གསོ་སྐྱོང་བྱས་ནས། རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་ཡར་ཐོན་ལ་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད། ཧྥུའུ་ཏན་སློབ་ཆེན་ནི་ནུབ་རྒྱུད་འཆར་གཞིར་ཞུགས་སྔ་ཤོས་ཀྱི་མཐོ་སློབ་ཀྱི་གྲས་ཤིག་ཡིན་པའི་ཆ་ནས། ཐོག་མཐའ་བར་གསུམ་དུ་ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས་སློབ་གསོ་དང་། རིག་གནས། སྨན་བཅོས། ཤེས་ལྡན་པ་སོགས་ཀྱི་ཁྱབ་ཁོངས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། དེང་སྐབས། བོད་ཀྱིས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་མགྱོགས་མྱུར་སྐྲུན་བཞིན་ཡོད། ཧྥུའུ་ཏན་སློབ་ཆེན་གྱིས་ལེགས་ཆ་སྔར་བས་འདོན་སྤེལ་གྱིས་བོད་དང་སྤེལ་རེས་མཉམ་ལས་བྱེད་ཟབ་ཏུ་བཏང་ནས། མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་སྐྱེད་དང་། མཉམ་ལས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། མཉམ་ལས་ཀྱི་རིམ་པ་སྤོར་བ། གཉིས་ཁེ་གཉིས་ཕན་ཡོང་བ་བཅས་བྱེད་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་ནུས་ཆེ་རུ་རྒྱུན་ཆད་མེད་པར་བཏང་ནས། སློབ་གྲྭ་དང་ས་གནས་དང་སློབ་གྲྭ་དང་སློབ་གྲྭའི་མཉམ་ལས་རྒྱུན་མཐུད་བྱེད་ཟབ་ཏུ་གཏོང་བ་དང་། མི་འབོར་གྱི་བྱང་ཚད་མཐོ་རུ་གཏོང་བ་དང་། མི་སེམས་གཅིག་སྒྲིལ། ཤེས་ལྡན་པ་གསོ་སྐྱོང་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ། བོད་ཀྱི་ཕུལ་བྱུང་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་། ཕུལ་བྱུང་སློབ་མ་དེ་བས་མང་བ་བོད་དུ་ཡོང་བ་དང་བོད་དུ་གཞིས་ཆགས་པར་སྐུལ་ལྕག་བཅས་བྱས་ཏེ། དར་རྒྱས་བརྟན་ལྷིང་གི་མེས་རྒྱལ་གྱི་མཐའ་མཚམས་འཛུགས་སྐྲུན་ལ་སྟོབས་ཤུགས་སྐྱེས་སུ་འབུལ་བ། སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། “ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་། བོད་ཀྱི་སྨན་བཅོས་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་བཏང་སྟེ་ཁ་གཏད་རོགས་སྐྱོར་གྱི་རྣམ་པ་གསར་པ་གཏོད་པ་དང་། རིག་གནས་དང་ཡུལ་སྐོར་གྱི་མཉམ་ལས་རྒྱུན་མཐུད་བྱེད་ཟབ་ཏུ་བཏང་སྟེ་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ནང་དོན་ཟབ་པའི་བོད་ཀྱི་ལོ་རྒྱུས་རིག་གནས་དང་ཕུན་སུམ་ཚོགས་ལ་དམིགས་བསལ་གྱི་རང་བྱུང་ཡུལ་ལྗོངས་ཐུན་མོང་ཐོག་གསར་སྤེལ་བྱེད་པ། ཕྱི་ཕྱོགས་སུ་བོད་ལྗོངས་དྲིལ་བསྒྲགས་འོས་སྦྱོར་མང་ཙམ་བྱེད་པ་བཅས་ཀྱི་ཐོག་ནས། འཛམ་གླིང་གིས་བོད་ལྗོངས་དེ་བས་ཤེས་རྟོགས་ཐུབ་པ་དང་། བོད་ལྗོངས་དེ་བས་འཛམ་གླིང་ལ་ཕྱོགས་པ་བཅས་བྱེད་པའི་རེ་བ་ཡོད།
ཆིའུ་ཤིན་གྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་རྟེན་འབྲེལ་ཞུས་ཤིང་། ཁོང་གིས། ཧྥུའུ་ཏན་སློབ་ཆེན་གྱིས་རང་ངོས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་། ཧྥུའུ་ཏན་གྱི་དགེ་མཚན་འདོན་པ། བོད་ཀྱི་དགོས་མཁོར་ཞབས་འདེགས་ཞུ་བ་དང་། རིག་ནུས་བོད་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། སློབ་གསོ་དང་སྨན་བཅོས་ཀྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཁ་གཏད་རོགས་སྐྱོར་ལས་དོན་གྱི་ཕན་འབྲས་ཆེ་རུ་གཏོང་གི་ཡིན། སློབ་གྲྭ་དང་ས་གནས་ཀྱི་མཉམ་ལས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། མཐོ་རིམ་སློབ་གསོ་དང་། ཐོན་སློབ་མཉམ་འདྲེས། ཤེས་ལྡན་པ་གསོ་སྐྱོང་སོགས་ཀྱི་དངོས་སྒྲུབ་མཉམ་ལས་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་སྐུལ་འདེད་རྒྱུན་ཆད་མེད་པར་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཆེད་འདེགས་སྐྱོར་གྱི་ཞབས་འདེགས་ཧུར་ཐག་ཞུ་གི་ཡིན། མཉམ་ལས་ཀྱི་བསམ་ཕྱོགས་གསར་གཏོད་བྱེད་པ་དང་། མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་སྐྱེད་གཏོང་བ། རིག་གནས་ཡུལ་སྐོར་དང་ཁྲིམས་སྐྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། བོད་ཀྱི་གཏམ་རྒྱུད་སྔར་བས་ཡག་པོ་བརྗོད་པ་དང་། བོད་ཀྱི་སྐད་སྒྲ་ཡག་པོ་བརྒྱུད་སྤེལ་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལའེ་ཅའོ་དང་། རེན་ཝེ། སུན་ཤན་ཀྲུང་བཅས་ཞུགས་པ་རེད།
འབྲེལ་ཡོད་གསར་འགྱུར།