ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་2025ལོའི(རྒྱ་ཆེ)ཚོགས་འདུ་ཐེངས་9པ་གཙོ་སྐྱོང་གནང་བ།
ཚེས་10ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་2025ལོའི(རྒྱ་ཆེ)ཚོགས་འདུ་ཐེངས་9པ་གཙོ་སྐྱོང་གནང་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་ཏང་ཀྲུང་དབྱང་གི་ཉེ་དུས་ཀྱི་ཚོགས་འདུ་གལ་ཆེན་དང་ཡིག་ཆ་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་གནང་ནས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བླང་བྱ་གཞིར་བཟུང་དོན་འཁྱོལ་ལས་དོན་བཀོད་སྒྲིག་གནང་བ་རེད།
ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་སྤྲིངས་པའི་འཕྲིན་ལན་གལ་ཆེན་ནང་བརྩེ་སེམས་ཟབ་མོ་དང་ཐུགས་རེ་ཟབ་མོས་ཁེངས་པ་མ་ཟད། ཡིག་འབྲུ་རེ་རེས་མི་སེམས་ལ་དྲོ་སྐྱིད་སྦྱིན་པ་དང་ཚིག་གང་རེ་རེས་མི་རྣམས་ལ་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་དགོས་པའི་སྐུལ་མ་བཏང་གནང་ཡོད། ང་ཚོ་ཚང་མ་ནི“འཕྲིན་ལན་འབྱོར་མཁན”ཡིན་ལ། “རྒྱུགས་ལན་འབུལ་མཁན”ཡང་ཡིན་པས། བློ་བརྟན་འགྱུར་མེད་དང་བློ་ཐག་ཆོད་པོས་དོན་འཁྱོལ་མཐར་ཕྱིན་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས“གཏན་འཁེལ་གཉིས”ལ་བརྩི་བཀུར་བརྟན་པོ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། “འཕྲིན་ལན་འབྱོར་མཁན”གྱི་འདུ་ཤེས་ཐོག་ནས“མི་རིགས་མཐུན་སྒྲིལ”གྱི་རྒྱུགས་ལན་མཉམ་དུ་ཕུལ་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་པར་སྐུལ་འདེད་གཏོང་རྒྱུ་དེ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོ་བའི་སྔོན་གྱི་ཞིབ་བཤེར་ཆ་རྐྱེན་དུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས“ལས་གྲྭ་ཆེན་པོ་བཞི”དང“བྱ་སྤྱོད་ཁག་དྲུག”ལ་སྐུལ་འདེད་ནུས་ལྡན་བཏང་ནས། མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས། “འཕྲིན་ལན་འབྱོར་མཁན”གྱི་འདུ་ཤེས་ཐོག་ནས“མི་དམངས་བདེ་སྐྱིད་ལྡན་པའི”རྒྱུགས་ལན་མཉམ་དུ་ཕུལ་ཏེ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་ཀྱིས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་ཏེ། བརྟག་དཔྱད་ཞིབ་འཇུག་དང་ས་གནས་ས་ཐོག་ཏུ་ལྟ་ཞིབ་བྱས་ནས། མི་རིགས་ཁག་གི་མི་དམངས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་རྒྱུན་ཆད་མེད་པར་གཏོང་དགོས། “འཕྲིན་ལན་འབྱོར་མཁན”གྱི་འདུ་ཤེས་ཐོག་ནས“སྐྱེ་ཁམས་སྲུང་སྐྱོང”གི་རྒྱུགས་ལན་མཉམ་དུ་ཕུལ་ཏེ་སྐྱེ་ཁམས་ཁྱབ་ཁོངས་ཀྱི་ཁྲིམས་སྲོལ་མ་ལག་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་ནས། སྐྱེ་ཁམས་ཉམས་གསོ་དང་། སྦགས་བཙོག་འགོག་བཅོས། ལྗང་མདོག་ཕྱོགས་སྒྱུར་བཅས་ལ་དམིགས་ཏེ། ཁྲིམས་སྒྱུར་ཞིབ་བཤེར་དང་། ཆེད་དོན་འདྲི་ཞིབ། རྗེས་སྙེག་ལྟ་སྐུལ་བཅས་ཀྱི“སྣ་འདུས་ཐབས་བཟང”ཡག་པོ་འདོན་དགོས། “འཕྲིན་ལན་འབྱོར་མཁན”གྱི་འདུ་ཤེས་ཐོག་ནས“མཐའ་སྟོབས་མཐའ་བརྟན”གྱི་རྒྱུགས་ལན་མཉམ་དུ་ཕུལ་ཏེ། ལམ་ལུགས་ཀྱི་སྟོབས་ཤུགས་དང་། ཁྲིམས་སྐྱོང་གི་སྟོབས་ཤུགས། དམངས་གཙོའི་སྟོབས་ཤུགས་བཅས་ཏན་ཏིག་སྤྱད་ནས། མཐའ་མཚམས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་། མཐའ་མཚམས་འཕེལ་རྒྱས་ལ་སྐུལ་འདེད། མང་ཚོགས་ཀྱི་ཕྱུག་འགྱུར་ལ་སྐུལ་ཁྲིད་བཅས་བྱེད་དགོས།
ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བའི་གལ་ཆེའི་རང་བཞིན་དང་དགོས་ངེས་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། སློབ་སྦྱོང་སློབ་གསོའི་བཀོད་སྒྲིག་གསར་ཤོས་གཞིར་བཟུང་། བྱེད་པོའི་འགན་འཁྲིར་ཤུགས་སྣོན་དང་། ལམ་ལུགས་ཀྱི་རླུང་ཙེ་དམ་དུ་གཏོང་བ། མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་གི་རྒྱུན་རྣམ་ཅན་དང་ཕུགས་ཕན་རང་བཞིན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་གོམས་སྲོལ་དུ་འགྱུར་བར་བྱེད་དགོས། “བསྒྲུབས་ན་ཡག་ཤོས་སྒྲུབ་པ་དང་བསྒྲུབས་ན་ཆེས་ལེགས་ཤོས་སྒྲུབ་པའི”འདུ་ཤེས་བརྟན་པོར་བཙུགས་ཏེ། གཏན་འཁེལ་བྱས་པའི་བྱ་བ་དང་བཀོད་སྒྲིག་བྱས་པའི་ལས་དོན་ལ་དམ་འཛིན་བྱས་ནས་མཐའ་གཅིག་ཏུ་དམ་འཛིན་དང་དམ་འཛིན་མཐར་ཕྱིན་བྱས་ཏེ། ཕན་འབྲས་མ་ཐོན་བར་དམ་འཛིན་དང་རྒྱལ་ཁ་མ་ཐོབ་པར་འབད་བརྩོན་བྱེད་དགོས། གཡོ་ཟོལ་མེད་པའི་ཐོག་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤོང་བ་དང་། ཀླད་པར་མི་འཛུལ་བའི་མི་དང་སེམས་ནང་མི་འཇོག་པའི་མི། ཁ་མཁས་ཚིག་སྙན་བཤད་ཀྱང་བྱ་སྤྱོད་མི་སྤེལ་མཁན་སོགས་ཀྱི་འབུར་ཐོན་གནད་དོན་བཅོས་སྐྱོང་ཤུགས་ཆེན་བྱེད་དགོས།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཁོངས་མི་ཝང་ཅུན་དང་། ཞུས་ཁྲེང་ཚང་། ལིའུ་པོ་ཁྲེང་། སུན་ཤན་ཀྲུང་། ལིའུ་ཀོང་ཤུས་བཅས་ཚོགས་འདུར་ཞུགས་པ་རེད།
འབྲེལ་ཡོད་གསར་འགྱུར།