དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀརྨ་ཚེ་བརྟན།
  • ཁྲུང་ཆིང་གྲོང་ཁྱེར་གྱི་འཐུས་མི་ཚོགས་པས་བོད་དུ་རྟོག་ཞིབ་དང་བཞུགས་མོལ་གནང་བ།

    ཀརྨ་ཚེ་བརྟན་དང་ཧུའུ་ཧེང་ཧྭ་ཡིས་གསུང་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-11

    ཚེས་7ཉིན་ནས་ཚེས་9ཉིན་བར་ཁྲུང་ཆིང་གྲོང་ཁྱེར་གྱི་འཐུས་མི་ཚོགས་པས་བོད་དུ་རྟོག་ཞིབ་གནང་ཞིང་། ཚེས་8ཉིན་གྱི་ཕྱི་དྲོར། བོད་ལྗོངས་དང་ཁྲུང་ཆིང་གི་ལས་དོན་བཞུཌ་མོལ་ཚོགས་འདུ་ཆབ་མདོར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ་དང་ཁྲུང་ཆིང་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་ཧུའུ་ཧེང་ཧྭ་ཚོཌ་འདུར་ཞུཌ་ནས་གསུང་བཤད་གནང་བ་རེད།

    ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། ཧྲུའུ་ཅི་ཝང་ཅུན་ཀྲེང་བཅས་ཀྱི་ཚབ་ཞུས་ཏེ་ཁྲུང་ཆིང་གྲོང་ཁྱེར་གྱི་འཐུས་མི་ཚོགས་པ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས་པ་མ་ཟད། ཁྲུང་ཆིང་གྲོང་ཁྱེར་གྱིས་དུས་ཡུན་རིང་པོར་བོད་ལ་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཡང་ཞུས་པ་རེད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་སྒྱུར་ཕྱོགས་སྟོན་དང་། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར། ཁྲུང་ཆིང་གྲོང་ཁྱེར་སོགས་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱི་སྒེར་སེམས་མེད་པའི་རོགས་སྐྱོར་བཅས་ཀྱི་འོག་བོད་ཀྱིས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་ཡོད། ལོ་30ཡི་རིང་། ཁྲུང་ཆིང་གི་བོད་སྐྱོར་ལས་བྱེད་ཤེས་ལྡན་པ་ཁག་མང་པོས་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་པ་དང་འགན་འཁྲི་ཆུད་ཟོས་སུ་མ་བཏང་བར་བོད་སྐྱོར་བྱ་གཞག་ནང་ཧུར་ཐག་ཞུགས་ཏེ། ཁྲག་དྲོན་དང་རྔུལ་ཆུར་བརྟེན་ནས་མཛེས་སྡུག་ལྡན་པའི་བོད་སྐྱོར་གྱི་ལེའུ་བརྩམས་ཡོད། ཕྱིས་འབྱུང་ཐོན་ལས་དང་། སྐྱེ་ཁམས། ནུས་རྒྱུ། དམངས་འཚོ། སྒོ་དབྱེ་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་སྔར་བས་ཟབ་ཏུ་བཏང་ནས། དུས་རབས་གསར་པའི་བོད་དང་ཁྲུང་ཆིང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་མཉམ་དུ་རྩོམ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཧུའུ་ཧེང་ཧྭ་ཡིས་ཁྲུང་ཆིང་གྲོང་ཨུད་དང་། གྲོང་ཁྱེར་སྲིད་གཞུང་། ཧྲུའུ་ཅི་ཡོན་ཅ་ཅུན་བཅས་ཀྱི་ཚབ་ཞུས་ཏེ་བོད་ཀྱིས་དུས་ཡུན་རིང་པོར་ཁྲུང་ཆིང་གི་འཕེལ་རྒྱས་དང་བོད་སྐྱོར་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས། ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་ཚུན། ཁྲུང་ཆིང་དང་བོད་ཀྱིས་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཟབ་ཏུ་བཏང་ནས་ས་གནས་གཉིས་མཉམ་དུ་འཕེལ་རྒྱས་ཀྱི་མགྱོགས་ལམ་དུ་བསྐྱོད་ཡོད། ཁྲུང་ཆིང་གིས་དུས་རབས་གསར་པའི་ཁྲུང་ཆིང་དང་བོད་ཀྱི་མཉམ་ལས་སྔར་བས་ཟབ་ཏུ་གཏོང་རྒྱུ་སྟེ། གཅིག་ནས་ཐོན་ལས་མཉམ་ལས་ཟབ་ཏུ་བཏང་ནས་ཞིང་འབྲོག་ཁྱད་ལྡན་ཐོན་ལས་དང་རིག་གནས་དང་ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བར་མཐོངས་རྒྱ་ཆེར་གཏོང་རྒྱུ་དང་། གཉིས་ནས་ནུས་རྒྱུའི་ཐོན་ཁུངས་ཀྱི་མཉམ་ལས་ཟབ་ཏུ་བཏང་ནས་གློག་འདྲེན་བགྲོད་ལམ་འཛུགས་སྐྲུན་དང་། གློག་ཤུགས་ཁྲོམ་རའི་ཉོ་ཚོང་། ཐོན་ཁུངས་གསར་སྤེལ་བེད་སྤྱོད་བཅས་ལ་སྐུལ་འདེད་གཏོང་རྒྱུ། གསུམ་ནས་ཕྱི་ཕྱོགས་སྒོ་དབྱེའི་མཉམ་ལས་ཟབ་ཏུ་གཏོང་བ་དང་། བགྲོད་ལམ་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། སྟེགས་བུ་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་སྒོ་དབྱེའི་རྣམ་པའི་དཔལ་འབྱོར་མཉམ་དུ་འཕེལ་རྒྱས་གཏོང་རྒྱུ། བཞི་ནས་གྲངས་འཛིན་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་བཏང་ནས་གྲངས་གཞི་དང་། རྣམ་པ། ཞབས་ཞུ་སོགས་ཀྱི་མཉམ་འགུལ་ལ་ཤུགས་སྣོན་རྒྱག་རྒྱུ། ལྔ་ནས་དམངས་འཚོའི་བྱ་གཞག་གི་མཉམ་ལས་ཟབ་ཏུ་གཏོང་བ་དང་། སློབ་གསོ་དང་། སྨན་བཅོས། ཤེས་ལྡན་པ་བཅས་ཀྱི་བོད་སྐྱོར་ལ་ཤུགས་སྣོན་བརྒྱབ་ནས་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་དེ་བས་མང་བ་གཏོད་རྒྱུ་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།