དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལིའུ་ཅང་།
  • རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་གྲུབ་འབྲས་དངོས་ལ་དཔྱད་ཞིབ་ཀྱི་ཚུར་ལན་གནད་དོན་དག་ཐེར་གྱི་བཀོད་སྒྲིག་ཚོཌ་འདུ་འཚོགས་པ།

    ལིའུ་ཅང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-11

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་ཉེ་ཆར་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་གྲུབ་འབྲས་དངོས་ལ་དཔྱད་ཞིབ་ཀྱི་ཚུར་ལན་གནད་དོན་དག་ཐེར་གྱི་བཀོད་སྒྲིག་ཚོགས་འདུ་ལྷ་སར་འཚོགས་པ་རེད། ཚོགས་འདུའི་ཐོག“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་བརྒྱུད་བསྒྲགས་སློབ་སྦྱོང་ནན་ཏན་བྱས་པ་དང་། རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་ཚོགས་འདུའི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་པ། 2024ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཀྱི་དཔྱད་ཞིབ་ཚོད་སྐོར་གྱི་མཇུག་འབྲས་དང་རང་སྐྱོང་ལྗོངས་ཀྱི་དག་ཐེར་གྱི་ཇུས་གཞི་བརྡ་ཁྱབ་བཏང་བ།

    འབྲེལ་ཡོད་ས་ཁུལ་དང་གྲོང་ཁྱེར་དང་སྡེ་ཚན་གྱིས་སྤེལ་རེས་གཏམ་བཤད་བྱས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་རྒྱུན་ལས་ཙུའུ་ཀྲང་གཞོན་པ་ལིའུ་ཅང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་རིང་ཕུན་ཚོགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས་དང་། ཆད་སྐྱོན་དང་ཞན་ཆར་དམིགས་ནས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ། བྱེད་ཐབས་དངོས་ཏན་ཏིག་དང་ཞིབ་ཚགས་སུ་གཏོང་བ་བཅས་བྱས་ཏེ། གནད་དོན་དག་ཐེར་ལ་བརྟེན་ནས་ལས་ཀའི་ཕན་འབྲས་ཆེ་རུ་གཏོང་དགོས། འགོ་མཇུག་གཟབ་འཁྱོངས་ཀྱིས་དབུལ་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལ་དམ་འཛིན་ཡག་པོ་བྱེད་པ་དང་། འགུལ་རྣམ་ལྟ་ཞིབ་ཚད་ལེན་གྱི་རོགས་སྐྱོར་ལམ་སྲོལ་དོན་འཁྱོལ་ནན་པོ་བྱེད་པ། རོགས་སྐྱོར་བྱེད་ཐབས་གནད་ལ་འཁེལ་ཚད་མཐོ་རུ་གཏོང་བ། “འགན་ལེན་གསུམ” དང་འཐུང་ཆུའི་བདེ་འཇགས་ཀྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་བཅས་བྱས་ནས། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་དང་དབུལ་པོ་མི་ཆགས་པའི་མཐའ་ཚད་ཡུན་རིང་བརྟན་པོར་སྲུང་དགོས། འབྲུ་རིགས་བདེ་འཇགས་ཀྱི་མཐའ་ཚད་རྒྱུན་སྲིང་ལྷོད་མེད་ངང་བསྲུངས་ནས་འབྲུ་རིགས་དང་པད་ཁའི་རྒྱ་ཁྱོན་ཆེ་རུ་གཏོང་བའི་བྱ་སྤྱོད་ལག་བསྟར་དང་། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཞིང་འབྲོག་ལས་རིགས་ཀྱི་ཚན་རྩལ་གཤམ་སྤེལ་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ལྟ་འདོམས་འགན་འཁྲི་ལག་བསྟར་ནན་ཏན་བཅས་བྱེད་དགོས། དབུལ་སྒྲོལ་མི་འབོར་གྱི་འབབ་འཕར་ལ་ཐབས་བརྒྱ་ཇུས་སྟོང་གིས་སྐུལ་འདེད་བཏང་ནས་ཐབས་ལམ་མང་པོའི་ལས་ཞུགས་དང་། སྣ་མང་ཅན་གྱི་འབབ་འཕར། ལས་སྟེགས་མང་པོའི་རམ་འདེགས་བཅས་ཀྱི་ལས་ཀའི་རྣམ་པ་གང་མགྱོགས་འཛུགས་པ་དང་། འབབ་འཕར་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བར་རྒྱུན་མཐུད་ཤུགས་རྒྱག་པ། དབུལ་ལོག་སླ་བའི་གཙོ་གནད་ཚོགས་སྤྱིར་རོགས་སྐྱོར་གནད་སྨིན་བྱེད་པ། གླ་ཆའི་རང་བཞིན་གྱི་ཡོང་འབབ་མང་དུ་གཏོང་བར་ཤུགས་རྒྱག་པ་བཅས་བྱེད་དགོས། བྱེད་ཐབས་སྣ་མང་གི་ཐོག་ནས་རོགས་སྐྱོར་ཐོན་ལས་ཀྱི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་བཏང་ནས། ཐོན་ལས་རྣམ་གྲངས་ཀྱི་ཕྱོགས་བསྡུས་ཕན་འབྲས་ནུས་ལྡན་འདོན་པ་དང་། གྲོང་གསེབ་རྒྱུ་ནོར་གྱི་ཕུགས་ཕན་དོ་དམ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ས་ཁོངས་ཀྱི་ཐོན་ལས་དང་ཞིང་འབྲོག་ཁེ་ལས་ཀྱི་ལེགས་བསྡུས་ཞིབ་གཉེར་གྱི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། རོགས་སྐྱོར་སྲིད་ཇུས་སྣ་ཚོགས་བརྟན་པོའི་ངང་ལེགས་སུ་འཐུས་ཚང་བཏང་ནས། དོན་འཁྱོལ་བྱས་ཚུལ་ལ་ཕྱོགས་ཡོངས་ནས་གྲལ་བཤེར་དང་། ལག་བསྟར་གྱི་ཕན་འབྲས་ཚན་རིག་དང་མཐུན་པའི་སྒོ་ནས་ཚོད་སྐོར། དྲིལ་བསྒྲགས་བྱེད་ཤུགས་རྒྱུན་རྣམ་ཅན་གྱི་སྒོ་ནས་ཆེ་རུ་གཏོང་བ། ཞིང་འབྲོག་མང་ཚོགས་ཀྱིས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པའི་ཧུར་སེམས་དང་རང་འགུལ་གྱི་བསམ་པ་སྐུལ་སློང་གང་ལེགས་བཅས་བྱེད་དགོས།

    ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། དག་ཐེར་གྱི་འགན་འཁྲི་ནན་དུ་དང་བརྟན་དུ་བཏང་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་ཡག་པོ་བྱས་ཏེ། གཅིག་ཤེས་ཀུན་གྲོལ་གྱིས་དག་ཐེར་ལ་དམ་འཛིན་དང་། རིགས་དབྱེ་ཇུས་བསྟར་གྱིས་དག་ཐེར་ལ་དམ་འཛིན། དངོས་ཐོག་བདེན་འཚོལ་གྱིས་དག་ཐེར་ལ་དམ་འཛིན། རྩིས་ཁྲ་གནད་སྨིན་བསྡུར་ནས་དག་ཐེར་ལ་དམ་འཛིན། གོང་འོག་མཉམ་འགུལ་གྱིས་དག་ཐེར་ལ་དམ་འཛིན། སྤྱོད་ཚུལ་ལེགས་གཏོང་གིས་དག་ཐེར་ལ་དམ་འཛིན་བཅས་བྱས་ནས། གནད་དོན་ཕྱོགས་ཡོངས་ནས་དག་ཐེར་གནད་འཁེལ་ཡོང་བར་སྐུལ་འདེད་གཏོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བར་ཕན་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པར་བྱས་ཏེ། ཕུལ་བྱུང་གྲུབ་འབྲས་ཐོག་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་བསུ་བ་ཞུ་དགོས། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།