དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་རུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-10

    ཟླ་7ཚེས་7ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་རུ་ཕེབས་ནས་ལྗོངས་ཡོངས་ཀྱི་རྩ་འཛུགས་ལས་དོན་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་ཚུལ་ལ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ཡི་ལོ་རྒྱུས་ཁང་དུ་ལྟ་སྐོར་གནང་བཞིན་པ།

    ● སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྙིང་རུས་ལྷོད་མེད་ཀྱིས་དོན་འཁྱོལ་བྱེད་པ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་དགོས།

    ཟླ་7ཚེས་7ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་རུ་ཕེབས་ནས། ལྗོངས་ཡོངས་ཀྱི་རྩ་འཛུགས་ལས་དོན་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་ཚུལ་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས། ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྙིང་རུས་ལྷོད་མེད་ཀྱིས་དོན་འཁྱོལ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་པུའུ་ལོ་རྒྱུས་ཁང་དང་། དཔྱད་ཞིབ་ཁྲུའུ། སློབ་སྦྱོང་སློབ་གསོའི་ཆེད་ཚན། ལས་ཁུངས་སྒྲིག་གཞི་ཕྱོགས་བསྡུས་ཁྲུའུ། རྩ་འཛུགས་ཁྲུའུ་གསུམ་པ་བཅས་སུ་ཕེབས་ནས་ལས་བྱེད་ལས་བཟོ་དང་བྱམས་བརྩེའི་སྤེལ་རེས་གནང་སྟེ། འབྲེལ་ཡོད་ལས་ཀའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། ཆབ་སྲིད་ཀྱི་ལམ་ཕྱོགས་གཏན་འཁེལ་བྱས་རྗེས་ལས་བྱེད་པ་ནི་ཐག་གཅོད་མཁན་གཙོ་བོ་ཡིན། དྲང་གཞག་ཚུལ་མཐུན་ངང་མི་འདེམས་མི་སྤྱོད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། དཔྱད་ཞིབ་ཚད་གཞི་སྔར་བས་ཚད་ལྡན་དུ་གཏོང་བ་དང་། དར་ཆ་གསལ་སྟོན་ངང་ལེགས་པར་བྱ་དགའ་སྤྲོད་པ་དང་ཞན་པར་ཆད་པ་གཅོད་པ། འཇོན་པ་ཡར་བསྐོ་དང་། མི་འཇོན་པ་མར་འབེབས། ཐ་ཞན་ཕྱིར་འབུད་བཅས་བྱས་ཏེ། རྒྱ་ཆེའི་ལས་བྱེད་པར་འགན་འཁུར་བྱས་རྗེས་འཇོག་པ་དང་ལས་སྒྲུབ་ལས་གཏོད་བྱེད་པར་སྐུལ་མ་གཏོང་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ཏང་འཛུགས་སྐྱོང་ལས་དོན་གྱི་གཙོ་གནད་ལས་འགན་ཡིན། གྲི་དངོ་རང་གཏད་དང་རང་ངོས་གསར་བརྗེ་ཕོད་པ་མཐའ་འཁྱོངས་བྱས་ནས། དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། གནད་དོན་བཤེར་འདོན་གཏིང་ཟབ་བྱེད་པ། མི་དོན་སེམས་གསུམ་མངོན་པར་བྱེད་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཆད་ལུས་མེད་པར་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ། སྒྲིག་འགལ་བཟའ་འཐུང་སོགས་ཀྱི་གནད་དོན་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་པ་བཅས་ལ་བརྟེན་ནས། ཏང་ཡོན་ལས་བྱེད་པར་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ནང་སེམས་རྒྱུད་ལ་འཇགས་པ་དང་ཕྱི་ལག་ལེན་དུ་འཁྱོལ་བར་སློབ་གསོ་ཁྲིད་སྟོན་བྱེད་དགོས་ཞེས་གསུངས་པ་རེད།

    དེ་རྗེས་འཚོགས་པའི་བཞུགས་མོལ་ཚོགས་འདུར་ཝང་ཅུན་ཀྲེང་གིས་འབྲེལ་ཡོད་ལས་ཀའི་གནས་ཚུལ་སྙན་སེང་གསན་ཞིང་། ཁོང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་བས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་སྐོར་གྱི་དགོངས་པ་གལ་ཆེན་དང་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་གྲུབ་ཡོད། ཟླ་6ཚེས་30ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་ཉེར་གཅིག་པའི་ཐོག་གསུང་བཤད་གལ་ཆེན་གནང་ནས“སྔར་བས་དམིགས་སར་འབྱོར་བ་ལྔའི”བླང་བྱ་གལ་ཆེན་བཏོན་ཏེ། ང་ཚོར་ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་རྩ་འཛུགས་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་མཐའ་འཁྱོངས་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ནུས་དང་། དམག་འཐབ་བྱེད་ནུས། འབོད་སྐུལ་བྱེད་ནུས་བཅས་ཆེ་རུ་གཏོང་བ་དང་། ཡང་དག་པའི་མི་འདེམས་མི་སྤྱོད་ཀྱི་སྟོན་ཕྱོགས་བཏོད་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པ་འདེམས་པ། ལས་བྱེད་པའི་དཔྱད་ཞིབ་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ལས་དོན་ཁག་སྒྲུབ་མི་སྒྲུབ་དང་། མང་སྒྲུབ་ཉུང་སྒྲུབ། ཡག་སྒྲུབ་ཉེས་སྒྲུབ་བཅས་ཚང་མ་གཅིག་ཏུ་འཛིན་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པ་སོགས་ཀྱི་ཐད་དགེ་མཚན་ལྡན་ལ་ནུས་ལྡན་གྱི་ལས་དོན་འབོར་ཆེན་བསྒྲུབས་ནས། ལྗོངས་ཡོངས་སུ་སེམས་པ་གཅིག་མཐུན་དང་། བློ་བདེ་བག་ཕེབས། ངར་ཤུགས་འཕེལ་བ། ལས་དོན་སྒྲུབ་པ་བཅས་ཀྱི་རྣམ་པ་བཟང་པོ་བཏོད་ཡོད་ཅེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་རྩ་འཛུགས་ལམ་ཕྱོགས་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་བྱས་ནས། དུས་རབས་གསར་པའི་རྩ་འཛུགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། ལས་བྱེད་པའི་མི་དོན་ལམ་ལུགས་སྒྱུར་བཅོས་རྒྱུན་མཐུད་ཟབ་ཏུ་བཏང་ནས། གཞི་རིམ་གྱི་འཐབ་ས་དང་པོར་ལས་བྱེད་པ་ཤེས་རྟོགས་དང་། གསོ་སྐྱོང་། སྦྱོང་བརྡར། བེད་སྤྱོད་བཅས་ཐུབ་པར་མཐོང་ཆེན་བྱས་ཏེ། ཕུལ་བྱུང་ཤེས་ལྡན་པ་གཟེངས་སུ་ཐོན་པའི་ལས་ཀའི་ལམ་སྲོལ་བཟང་པོ་རྒྱུན་ཆད་མེད་པར་ཆགས་པར་བྱེད་དགོས། རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པར་མཐོང་ཆེན་གྱིས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་བཏང་སྟེ། ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་ཏན་ཏིག་ཡག་པོ་འདོན་དགོས། ཉམས་མྱོང་ཕྱོགས་སྡོམ་དང་གྲུབ་འབྲས་བརྟན་དུ་བཏང་ནས། སྒྲིག་གཞི་སྒྱུར་བཅོས་ཀྱི་མཇུག་འཕྲོའི་ལས་དོན་ཏན་ཏིག་ཡག་པོ་སྒྲུབ་པ་དང་། སྒྲིག་ཁོངས་ཁྲིམས་བཞིན་ཡག་པོ་སྤྱོད་པ་དང་དོ་དམ་ཚད་ལྡན་བྱས་ཏེ། སྒྲིག་གཞི་སྒྲིག་ཁོངས་ཀྱི་ཞབས་ཞུ་འགན་སྲུང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་བརྒྱབ་ནས། སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དར་སྤེལ་གཏོང་བ་དང་། ཆབ་སྲིད་ལ་སྣང་ཆེན་དང་། དྲང་གཞག་ལ་མཐོང་ཆེན། ལས་སྒོ་བྱང་ཆུབ་པ། སྤྱོད་ཚུལ་བཟང་པོ་སྐྱོང་བ་བཅས་བྱས་ཏེ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་ཧུར་ཐག་གཏོད་དགོས། ཁ་གཏད་བོད་སྐྱོར་གྱི་ནུས་པ་གང་ལེགས་འདོན་པ་དང་། “ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་བཏང་སྟེ། ཁ་གཏད་བོད་སྐྱོར་ལས་དོན་གྱི་སྤུས་ནུས་ཆེ་རུ་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱས་ནས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་མཛད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྩ་འཛུགས་ཀྱི་འགན་སྲུང་བརྟན་པོ་བྱེད་དགོས། ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་སྔར་བས་ནན་དུ་བཏང་ནས། འགོ་ཁྲིད་ལས་བྱེད་པས་རང་དཔེ་གཞན་སྟོན་གྱིས་རང་ངོས་གསར་བརྗེའི་འགན་འཁྲི་འཁུར་བ་དང་། ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ཡག་པོ་འཁུར་དགོས། ཕུགས་བསམ་དང་དད་སེམས་སྔར་བས་བརྟན་དུ་བཏང་ནས། ལྷག་བསམ་རྣམ་དག་གི་སྤྱོད་ལམ་བརྟན་པོ་སྲུང་བ་དང་། བསམ་བློའི་གོ་རྟོགས་མཐོ་རུ་གཏོང་བ། འགན་འཁུར་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། རང་བཞིན་བཟང་བའི་མི་ཞིག་བྱེད་པ་དང་རང་འགན་ཇི་བཞིན་ལས་དོན་སྒྲུབ་དགོས། དབང་ཆ་འཁོར་སྐྱོད་སྔར་བས་ཚན་ལྡན་དུ་བཏང་ནས། འགོ་ཁྲིད་ལས་བྱེད་པས་མི་དམངས་ལ་གུས་སྐྲག་དང་། རྩ་འཛུགས་ལ་གུས་སྐྲག སྒྲིག་ཁྲིམས་ལ་གུས་སྐྲག་བྱེད་པ་དང་། སྒྲིག་ལམ་དང་། སྒྲིག་ཁྲིམས། བཅའ་ཁྲིམས་བཅས་ཇི་བཞིན་ལས་དོན་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་དང་དཀའ་སྡུག་མཉམ་ཁུར་དང་། རྒྱབ་ཁབ་ཆེད་དུ་ལས་དོན་སྒྲུབ་པ། དམངས་ལ་ཕན་པ་སྐྲུན་པ་བཅས་ཀྱི་ཐད་དབང་ཆ་སྤྱོད་དགོས། སྔར་ལས་ལྷག་པའི་སྒོ་ནས་སྤྱོད་བཟང་སྒྲིག་ནན་གྱིས་རུལ་སུངས་ལ་ངོ་རྒོལ་དང་། སྤྱོད་བརྟག་རུལ་བཤེར། སྤྱོད་བསྲང་རུལ་རྒོལ་བཅས་བྱེད་པ་དང་། ལས་ཀའི་ལམ་ལུགས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། ཐབས་མང་མཉམ་སྤྱོད་ཀྱིས་རུལ་སུངས་ཀྱི་གནད་དོན་ཐོན་ས་དང་ཐོན་རྐྱེན་རྩ་མེད་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་སྔར་བས་དོན་འཁྱོལ་བྱས་ནས། ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ཏེ། ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏིང་ཟབ་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་ནས། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་རྒྱུན་འཁྱོངས་ལྷོད་མེད་ངང་སྐུལ་འདེད་གཏོང་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱས་ནས། མང་ཚོགས་ཀྱི་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ལ་དམིགས་པ་དང་། ལས་བྱེད་པའི་དཔུང་ཁག་ཁྲོད་གནས་པའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ། གནད་དོན་ལ་མི་གཡོལ་བ་དང་གནད་དོན་ཐག་གཅོད་ཕོད་པ་བྱེད་དགོས། དཔེ་མཚོན་སྣེ་ཁྲིད་ལ་མཐོང་ཆེན་བྱས་ནས། དྲང་ཕྱོགས་ཁྲིད་སྟོན་དང་ལྡོག་ཕྱོགས་ཉེན་བརྡ་གཏོང་བ་གཅིག་གྱུར་མཐའ་འཁྱོངས་བྱེད་པ་དང་། དཔེ་མཚོན་གྱོད་དཔེའི་ནུས་པ་བཏོན་ཏེ། གྱོད་གཞི་གཅིག་ཞིབ་བཤེར་ཐག་གཅོད་བྱས་ཕྱིན་ཁག་གཅིག་ལ་ཉེན་བརྡ་སྒྲོག་པ་དང་ཁག་གཅིག་ལ་སློབ་གསོ་ཐེབས་པ་དངོས་འབྲེལ་བྱེད་དགོས། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས། ཞིབ་དཔྱད་དང་གནད་འགག་དམ་འཛིན་ནན་དུ་གཏོང་བ་དང་། གནད་དོན་ཆུང་ངུར་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། ལྟ་སྐུལ་ནུས་ལྡན་དང་མཛུབ་ཁྲིད་ཡག་པོ་ཐུབ་པར་བྱེད་དགོས། རང་འགན་ཐེག་པ་ཁུར་ལེན་ལ་ཤུགས་སྣོན་བརྒྱབ་ནས། འགོ་ཁྲིད་ལས་བྱེད་པས་བསམ་བློའི་གོ་རྟོགས་གཙོ་བོར་འཛིན་ཏེ། ཏང་གི་རྩ་དོན་དང་ལམ་ལུགས་གཞིར་བཟུང་ལས་དོན་སྒྲུབ་རྒྱུ་མཐའ་འཁྱོངས་བྱེད་པ། ཐེག་པ་ཁུར་ལེན་མཁན་ལ་ཁུར་ལེན་པ་དང་འགན་འཁྲི་འཁུར་མཁན་ལ་འགན་འཁུར་བ་བཅས་བྱས་ཏེ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པ་ཞིག་བྱེད་དགོས།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཚོགས་འདུར་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།