དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀརྨ་ཚེ་བརྟན།
  • ཀརྨ་ཚེ་བརྟན་གྱིས་གཞིས་རྩེ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-07

    ཚེས་3ནས་5ཉིན་བར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་གཞིས་རྩེ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ་རེད།

    དིང་རི་རྫོང་གྲམ་མཚོ་ཤང་དགུ་རུམ་གྲོང་ཚོ་དང་ཟིང་དཀར་གྲོང་ཚོ་དང་དེ་བཞིན་ཆུ་ལྷོ་ཤང་ལྟེ་བའི་སློབ་ཆུང་གི་ལས་ཡུལ་དུ་འཕྲུལ་ཆས་ཀྱི་ལྡིར་སྒྲས་ཁེངས་ལ་མི་རྣམས་ལས་བྲེལ་ཆེ་ཞིང་། ལས་གྲྭའི་མྱུར་ཚད་ཉིན་རེ་ལས་མ་འདས་པར་མགྱོགས་སུ་འགྲོ་བཞིན་ཡོད། ཀརྨ་ཚེ་བརྟན་སླར་གསོ་བསྐྱར་སྐྲུན་གྱི་དཔེ་ལྟ་སའི་ཁང་པ་དང་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཁྱིམ་དུ་ཕེབས་ནས་ལས་གྲྭའི་མྱུར་ཚད་ལ་གཟིགས་པ་དང་འབྲེལ་སྤུས་ཚད་དང་དོ་དམ་སྐོར་བཀའ་འདྲི་གནང་བ་མ་ཟད། མང་ཚོགས་དང་སྤེལ་རེས་གཏིང་ཟབ་གནང་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ཡང་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས། འགན་འཁྲི་ཁུར་སེམས་དང་། ལས་འགན་སྒྲུབ་སེམས། དགོས་གཏུགས་ཀྱི་བསམ་པ་བཅས་སྔར་བས་ཆེ་རུ་གཏོང་བ་དང་། རྣམ་གྲངས་འཛུགས་སྐྲུན་ཐད་ཀྱི་བདེ་འཇགས་ཀྱི་འགག་སྒོ་དང་། སྤུས་ཚད་ཀྱི་འགག་སྒོ། མྱུར་ཚད་ཀྱི་འགག་སྒོ། སྤྱོད་གཙང་གི་འགག་སྒོ་བཅས་ནན་པོ་སྲུང་བ་དང་། ཚད་གཞི་མཐོ་པོ་དང་། སྤུས་ཚད་མཐོ་པོ། ལས་ཕྱོད་ཆེན་པོ་བཅས་ཀྱི་སྒོ་ནས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་བློ་བརྟན་འགྱུར་མེད་ངང“གཏན་འཁེལ་གཉིས”ལ་བརྩི་སྲུང་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། “ཞབས་ཞུ་ཆེན་པོའི”འདུ་ཤེས་བརྟན་པོར་བཙུགས་ནས་ལས་གྲྭ་གཙོ་བོ་ལེགས་སྒྲུབ་དང་ལྷན་སྦྱར་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བར་སྤྱི་འདོམས་བྱེད་པ་དང་། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་སོགས་ཐད་ཀྱི་ཞན་ཆ་སེལ་བ། “ཁྲི་སྟོང་ལས་གཞིའི”ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱེད་པ། མིའི་འཚོ་སྡོད་ཁོར་ཡུག་རྒྱུན་མཐུད་བཅོས་སྐྱོང་བཅས་བྱས་ནས་དེ་བས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་གསར་པ་འཛུགས་སྐྲུན་བྱེད་དགོས།

    ས་དགའ་རྫོང་རོ་ཀྱོག་ཤང་ཚྭ་ཐང་གྲོང་ཚོ་དང་སྐྱ་སྐྱ་གྲོང་རྡལ་རྒྱལ་གྲོང་ཚོར་ཀརྨ་ཚེ་བརྟན་གྱིས་མང་ཚོགས་དང་མཉམ་དུ་ཅི་འཕྲོས་མོལ་འཕྲོས་གནང་བ་དང་། དམངས་ཀྱི་འདོད་འདུན་གསན་པ། འཕེལ་རྒྱས་སྐོར་གླེང་གནང་ཞིང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་དྲིན་ཚོར་མདུན་སྐྱོད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕན་འབྲས་དངོས་ལ་བརྟེན་ནས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་གདེང་ཚོད་དང་ཆོད་སེམས་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་བ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པར་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་། ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ། “མྱུར་འགྲུབ”རྣམ་གྲངས་དང་རྨང་གཞི་འདིང་བ་དང་། ཕུགས་ལ་ཕན་པ། ངར་ཤུགས་འཕེལ་བ་བཅས་ཀྱི་རྣམ་གྲངས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། ཁྱད་ལྡན་ཞིང་འབྲོག་ལས་ཀྱི་ལེའུ་ཆེན་པོ་ཡག་པོ་རྩོམ་པ། ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་སྐྱེད་གཏོང་བ་བཅས་བྱས་ནས། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་དང་དབུལ་པོ་མི་ཆགས་པའི་མཐའ་ཚད་ཡུན་རིང་བརྟན་པོར་སྲུང་དགོས། ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་ནུས་ཆེ་བཅོས་སྐྱོང་ལ་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། གཞི་རིམ་ཏང་འཛུགས་སྐྱོང་གི་ཤུགས་རྒྱག་ས་དང་ཟུང་འབྲེལ་བྱེད་ས་ཡང་དག་འཚོལ་བ་དང་། འཕེལ་རྒྱས་ཀྱི་དགོས་མཁོ་དང་། མང་ཚོགས་ཀྱི་རེ་འདོད། དམངས་སེམས་ཕྱོགས་ས་བཅས་ལ་དམིགས་པ། ཚན་ཁག་གི་དཔུང་ཁག་ལེགས་འདེམས་ཧྲག་སྒྲུག་བྱེད་པ། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཡག་པོ་འདོན་པ་བཅས་བྱས་ཏེ། ཏང་འཛུགས་སྐྱོང་ལ་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་གོམ་སྟབས་གཅིག་གྱུར་དང་ཤུགས་ཕྱོགས་གཅིག་ལ་རྒྱག་པར་སྐུལ་འདེད་བཏང་ནས། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྒུལ་ནུས་ཆེན་པོ་འདོན་པ་དང་འགན་སྲུང་བརྟན་པོ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།