དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-06

    ● སྤྱི་ཚོགས་བཅོས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ལྗོངས་ཡོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལས་དོན་ཏན་ཏིག་སྒྲུབ་པ་དང་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།

     ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུར་ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་ནན་ཏན་བྱས་པ་དང་ལྗོངས་ཡོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལས་དོན་ལ་ཞིབ་འཇུག་བྱས་པ་རེད། ཁོང་གིས། སྤྱི་ཚོགས་བཅོས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ལྗོངས་ཡོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལས་དོན་ཏན་ཏིག་སྒྲུབ་པ་དང་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་འཐབ་ཇུས་མཐོ་ཚད་ནས། སྤྱི་ཚོགས་བཅོས་སྐྱོང་གི་ལག་ལེན་གསར་གཏོད་དང་། རིགས་པའི་གཞུང་ལུགས་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་སྤྱི་ཚོགས་བཅོས་སྐྱོང་ལ་གྲུབ་འབྲས་གལ་ཆེན་ཐོབ་པར་སྐུལ་འདེད་བཏང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཚོགས་བཅོས་སྐྱོང་ལ་དམིགས་ནས་དུས་བབ་ཕྱག་གཟིགས་དང་། གནད་འཁེལ་དོན་ཟབ། ནང་དོན་ཕུན་ཚོགས་བཅས་ཀྱི་དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པ་བཏོན་གནང་བ་མ་ཟད། ད་དུང་དུས་རབས་གསར་པའི་སྤྱི་ཚོགས་བཅོས་སྐྱོང་གི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་གསལ་བཤད་གཏིང་ཟབ་ཀྱང་བསྐྱོན་ནས། ང་ཚོར་སྤྱི་ཚོགས་བཅོས་སྐྱོང་གི་ལས་དོན་ཡག་པོ་བསྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། སྤྱི་ཚོགས་བཅོས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ། སྤྱི་ཚོགས་བཅོས་སྐྱོང་གི་ཚན་རིག་དང་མཐུན་པའི་ནང་དོན་དང་དུས་རབས་ཀྱི་བླང་བྱ་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ། སྤྱི་ཚོགས་བཅོས་སྐྱོང་གི་གཞི་རྩ་ཏང་ལ་ཐུག་པ་དང་། སྲོག་ཤིང་ནི་མི་ཡིན་པ། འགག་རྩ་ནི་མཉམ་ཤུགས་ཆགས་པར་ཐུག་པ། གཙོ་གནད་གཞི་རིམ་དུ་ཡོད་པ། གསོན་ཤུགས་ཆེ་ཆུང་གསར་གཏོད་ལ་ཐུག་པ་བཅས་ཀྱི་ངོས་འཛིན་གཏིང་ཟབ་ཐུབ་པར་བྱེད་པ། རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་མཐུན་སྦྱོར་མཉམ་འགུལ་བཅས་བྱས་ཏེ། ལྗོངས་ཡོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྤྱི་ཚོགས་བཅོས་སྐྱོང་བྱ་རྒྱུ་དེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་དུ་བཞག་ནས་ཞིབ་འཇུག་དང་། བསམ་གཞིགས། ཇུས་འགོད། སྐུལ་སྤེལ་བཅས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཐུན་མོང་དང་བྱེ་བྲག་དབར་གྱི་འབྲེལ་བ་དང་། ཡོངས་ཁྱབ་དང་དམིགས་བསལ་དབར་གྱི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང་། གཙོ་གནད་འབུར་དུ་ཐོན་པ། ཕྱོགས་བསྡུས་ཐབས་ཇུས་ལག་བསྟར་བཅས་བྱས་ཏེ་སྤྱི་ཚོགས་བཅོས་སྐྱོང་གི་ནུས་ཕྱོད་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས། ཏང་འཛུགས་སྐྱོང་ལ་བརྟེན་ནས་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་བཅོས་སྐྱོང་གི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི་ཚད་གཞི་ཅན་དང་ཚད་ལྡན་ཅན་གྱི་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་བ་དང་། གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རིགས་དབྱེ་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། རྩ་འཛུགས་ཀྱི་འགོ་ཁྲིད་དང་སྤྱི་འདོམས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་རྒྱུན་ཆད་མེད་པར་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྤྱི་ཚོགས་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་དགོས། ཉེན་ཁ་འགོག་ཟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་ཀའི་ལམ་སྲོལ་ལེགས་སུ་གཏོང་བ། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ། དུས་རབས་གསར་པའི“ཧྥུང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ། འབྱུང་རྩ་ནས་སྔོན་འགོག་དང་། གྲལ་བཤེར་འདུམ་གཅོད། ཐུན་མོང་གྲོས་མོལ་བཅས་ཀྱི་ལྷུ་ཚིགས་གསུམ་དམ་པོར་འཛིན་པ། གནད་དོན་ལ་དབྱེ་ཞིབ་བརྡར་གཅོད་དང་། གཙོ་གནད་ཚོགས་སྤྱི་བརྟན་གནས་ཚོད་འཛིན། འགལ་ཟླ་དང་རྩོད་གཞི་འདུམ་གཅོད་བཅས་ཀྱི་ནུས་པ་གསུམ་ཆེ་རུ་གཏོང་བ། སྟོབས་ཤུགས་སྣ་ཚོགས་མཐུན་སྦྱོར་དང་། གནད་དོན་ཁག་བགོས་ཐག་གཅོད། འགན་འཁྲི་ལྡོག་བཤེར་བཅས་ཀྱི་ལམ་སྲོལ་གསུམ་བཙུགས་ནས་ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། གཞི་རིམ་ལ་དམ་འཛིན་ཆེན་པོ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། བཅོས་སྐྱོང་མཁས་པོ་བྱེད་པའི་རྨང་གཞི་སྲ་བརྟན་དུ་གཏོང་བ། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་དམ་འཛིན་ཏན་ཏིག་བྱེད་པ། གཞི་རིམ་གྱི་ཁུར་པོ་མུ་མཐུད་ཡང་དུ་གཏོང་བར་མཐུན་རྐྱེན་སྦྱོར་བ། གཙོ་གནད་གཤམ་སྒྱུར་དང་། སྟོབས་ཤུགས་གཤམ་སྤེལ། འགན་ལེན་གཤམ་ཕྱོགས་བཅས་བྱེད་པ། དྲ་མིག་ཅན་གྱི་དོ་དམ་དང་། ཞིབ་ཚགས་ཅན་གྱི་ཞབས་ཞུ། ཆ་འཕྲིན་ཅན་གྱི་འདེགས་སྐྱོར་བཅས་ཀྱི་གཞི་རིམ་བཅོས་སྐྱོང་ལས་སྟེགས་འཐུས་སྒོ་ཚང་དུ་བཏང་ནས་གཞི་རིམ་བཅོས་སྐྱོང་བྱེད་སྟངས་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་དགོས། སྤྱི་པའི་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་བ་དང་། དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ། མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། རེ་སྒུག སེམས་ཁྲལ་བཅས་ཀྱི་གནད་དོན་ལ་དམིགས་ཏེ་སྤྱི་པའི་ཞབས་ཞུའི་ཐོན་ཁུངས་བཀོད་སྒྲིག་བྱེད་སྟངས་ལེགས་སུ་གཏོང་བ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། དམངས་འཚོར་མ་དངུལ་གཏོང་ཤུགས་མུ་མཐུད་ཆེ་རུ་གཏོང་བ། དམངས་འཚོའི་མཐའ་ཚད་བརྟན་པོར་སྲུང་བ་བཅས་བྱས་ནས་དམངས་འཚོ་འགན་སྲུང་དང་ལེགས་སུ་ཏན་ཏིག་གཏོང་དགོས། གྲངས་འཛིན་ལ་བརྟེན་ནས་མཐུན་རྐྱེན་སྦྱོར་ཤུགས་ཆེ་རུ་གཏོང་བ་དང་། བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། ཚན་རྩལ་ལ་བརྟེན་ནས་འཐབ་འཛིང་ནུས་པ་འཕེལ་རྒྱུ་མཐའ་འཁྱོངས་བྱེད་པ། གཞི་གྲངས་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། གཞི་གྲངས་ཆེན་པོ་དང་མི་ཐབས་རིག་ནུས་སོགས་ལག་རྩལ་གསར་པ་དག་ཉེན་ཁའི་སྔོན་བརྡ་དང་། བདེ་འཇགས་འགོག་ཟོན། འཕྲལ་སྡོམ་དོ་དམ། སྲིད་དོན་ཞབས་ཞུ་སོགས་ཁྱབ་ཁོངས་སུ་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་བཏང་སྟེ། ཆ་འཕྲིན་ཅན་འཕེལ་རྒྱས་གཏོང་རིང་གི་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་སྔར་བས་ཆེ་རུ་འགྲོ་བར་བྱེད་དགོས།

    ཝང་ཅུན་ཀྲེང་གིས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ། དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་སྤྱི་ཚོགས་བཅོས་སྐྱོང་གི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས། ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་ཆབ་སྲིད་འཛུགས་སྐྱོང་དེ་སྤྱི་ཚོགས་བཅོས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་ཁག་ཏུ་ཁྱབ་པ་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ། བློ་བརྟན་འགྱུར་མེད་ངང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱེད་དགོས། ཁྲིམས་སྐྱོང་གིས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྲིམས་སྐྱོང་གི་བསམ་གཞིགས་དང་ཁྲིམས་སྐྱོང་བྱེད་སྟངས་སྤྱོད་མཁས་པོས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འགལ་ཟླ་སེལ་བ། བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཁྲིམས་སྐྱོང་གི་རྣམ་པ་བཟང་པོ་གཏོད་དགོས། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ་དང་། ལས་ཀའི་བྱེད་ཐབས་ཞིབ་ཚགས་སུ་གཏོང་བ། ལས་ཀ་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་གང་ཡོད་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།