དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ལའེ་ཅའོ་ཡིས་ཉིང་ཁྲི་གྲོང་ཁྱེར་དང་ལྷོ་ཁ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-05

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས་ཉིང་ཁྲི་གྲོང་ཁྱེར་དང་ལྷོ་ཁ་གྲོང་ཁྱེར་དུ་ཕེབས་ནས“བདུན་གཅིག”གི་འཚམས་འདྲི་དང་། ཞུ་ཉན། གཤམ་སྐྱོད་བཅས་ཀྱི་ལས་དོན་སྤེལ་གནང་བ་རེད།

    ལའེ་ཅའོ་ཡིས། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་104འཁོར་བའི་མཚམས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་འཕྲིན་ལན་སྤྲིངས་པས། མི་སེམས་དྲོད་ཅིང་འབད་འབུངས་བྱེད་དགོས་པའི་སྐུལ་ལྕག་ཐེབས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བཀའ་མངགས་བློ་ལ་བརྟན་པོར་བཅངས་ཏེ་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས་དར་རྒྱས་བརྟན་ལྷིང་གི་མེས་རྒྱལ་གྱི་མཐའ་མཚམས་ཐུན་མོང་ཐོག་འཛུགས་སྐྲུན་བྱེད་དགོས་ཞེས་གསུངས་པ་རེད།

    ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་ཆང་ཁྱིམ་གྲོང་ཚོའི་ལོ་76ལ་སླེབས་པའི་ཏང་ཡོན་རིག་འཛིན་དབང་ཕྱུག་ནི“ཏང་ནང་གི་གཟི་བརྗིད་ལྡན་པའི་ལོ་ངོ50”ཞེས་པའི་དྲན་རྟེན་རྟགས་མ་ཐོབ་མཁན་ཞིག་རེད། ལའེ་ཅའོ་ཡིས་བགྲེས་སོང་ཁོང་དང་མཉམ་དུ་ཅི་འཕྲོས་མོལ་འཕྲོས་དང་། འཚོ་བའི་གནས་ཚུལ་བཀའ་འདྲི། རྒྱུན་གཏན་གྱི་གནས་ཚུལ་འདྲི་བ། སྔར་སོང་ལ་ཕྱིར་དྲན་བཅས་གནང་བ་མ་ཟད། ཁོང་ལ་སྐུ་གཟུགས་ལ་ཐུགས་ཅག་གནང་དགོས་ཞེས་གསུངས་པ་དང་འབྲེལ་གྲོང་ཚོའི“ཨུ་ལྷན་གཉིས”དང་གྲོང་སྡོད་ལས་དོན་རུ་ཁག་ལ་ནུས་ཤུགས་ཡོད་རྒུས་ཏང་ཡོན་རྒན་གྲས་ལ་ཞབས་འདེགས་ཞུ་བའི་འགན་སྲུང་ལས་དོན་ཡག་པོ་བསྒྲུབས་ནས་ཁོང་ཚོ་ཚེ་མཇུག་སྐྱིད་པོ་ཡོང་བར་བྱེད་དགོས་པའི་མངགས་བཅོལ་ཡང་གནང་བ་རེད།

    ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་དང་། ལྷོ་ཁ་གྲོང་ཁྱེར་རྒྱ་ཚྭ་རྫོང་། ཆུ་གསུམ་རྫོང་། ཟངས་རི་རྫོང་། འཕྱོངས་རྒྱས་རྫོང་བཅས་སུ་ལའེ་ཅའོ་ཡིས་ད་དུང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་དང་ཤང་དང་གྲོང་རྡལ(ཁྲོམ་གཞུང)གྱི་འགན་སྒྲུབ་དོན་གནད་ཀྱི་ཞིབ་ཐོ་བཟོ་བའི་ལས་དོན་ལ་བརྟག་ཞིབ་གནང་བ་དང་། ས་ཡུལ་དངོས་སུ་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་གཞི་རིམ་བཅོས་སྐྱོང་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི“དམ་འཛིན་གཅིག་དང་སྐུལ་འདེད་གཉིས”དང་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་དག་ཐེར་བྱས་ཚུལ་ལ་གཟིགས་པ་མ་ཟད། ནགས་ཚལ་དང་རྩྭ་ཐང་ལ་སྐོར་ཞིབ་དང་ཞུ་ཉན་གཤམ་འདྲིའི་ལས་དོན་སྤེལ་ཞིང་། ཁོང་གིས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་གཞི་རིམ་བཅོས་སྐྱོང་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།