དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་སྲིད་གཞུང་གིས་གཞུང་རྒྱུ་ཀྲུང་དབྱང་ཁེ་ལས་ཀྱིས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་ཆེད་དོན་བྱེད་སྒོའི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-05

    ཉེ་ཆར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཝེ་ཤིའུ་ཁྲང་གིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས། གཞུང་རྒྱུ་ཀྲུང་དབྱང་ཁེ་ལས་ཀྱིས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་ཆེད་དོན་བྱེད་སྒོའི་དུས་འགོའི་གྲ་སྒྲིག་གནས་ཚུལ་སྙན་སེང་གསན་པ་དང་འབྲེལ་ཡོད་ལས་དོན་བཀོད་སྒྲིག་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། ད་ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་དང་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ལོ་ཡིན་ཞིང་། གཞུང་རྒྱུ་ཀྲུང་དབྱང་ཁེ་ལས་ཀྱིས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་ཆེད་དོན་བྱེད་སྒོ་ནི་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་མོས་མཐུན་ཐོབ་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན་དང་མཉམ་དུ་གཉེར་བའི་བྱེད་སྒོ་གལ་ཆེན་ཞིག་ཡིན་ལ། ལྗོངས་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དོན་ཆེན་ཞིག་ཀྱང་རེད། འབྲེལ་ཡོད་ཚན་པ་ཁག་གིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་གཞིར་བཟུང་། སྤྱི་ཡོངས་ལ་གཞི་ཚུགས་ཏེ་བསམ་བློ་སྔར་བས་གཅིག་གྱུར་བྱས་ནས་ད་ཐེངས་ཀྱི་ཆེད་དོན་བྱེད་སྒོ་གཉེར་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་ཐུབ་དགོས་པ་དང་། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་སྤྱི་ཡོངས་ཀྱི་འདུ་ཤེས་དང“མིག་མང་འགྲིག་སྐོར་གཅིག”གི་བསམ་བློ་བརྟན་པོ་བཙུགས་ཏེ། དུས་ཚོད་ཀྱི་མཚམས་ཚིགས་ལྟར་གྲ་སྒྲིག་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་ཆེད་དོན་བྱེད་སྒོ་སྤུས་ཚད་མཐོ་ཞིང་དུས་བཀག་ལྟར་གཉེར་ཐུབ་པ་བྱེད་དགོས་པ། གཅིག་གྱུར་འཆར་འགོད་དང་སྤྱི་ཡོངས་ལ་ལྟ་རྟོག་དང་། འགན་འཁྲི་ནན་དཀྲི བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིཌ་པ། ཀྲུང་དབྱང་ཁེ་ལས་དང་འབྲེལ་མཐུད་ཧུར་ཐག་བཅས་བྱས་ནས་གཙོ་གནད་ལས་དོན་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།