དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་བརྟག་ཞིབ་གྲུབ་འབྲས་ཀྱི་སྤེལ་རེས་ཚོགས་འདུ་འཚོགས་པ།

    ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-05

    ཚེས་3ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་བརྟག་ཞིབ་གྲུབ་འབྲས་ཀྱི་སྤེལ་རེས་ཚོགས་འདུ་གཙོ་སྐྱོང་གནང་ནས་བརྟག་དཔྱད་ཞིབ་འཇུག་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏན་ཏིག་ཡོང་བ་དང་ལག་ལེན་དུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་བཏང་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་ཚོས་རང་ཉིད་ཀྱིས་འགན་འཁུར་བའི་ལས་དོན་གྱི་གྲུབ་འབྲས་ལ་དམིགས་ཏེ་སྤེལ་རེས་གཏམ་བཤད་གནང་བ་རེད།

    ཡན་ཅིན་ཧའེ་ཡིས། བརྟག་དཔྱད་ཞིབ་འཇུག་ནི་ཏང་གི་སྲོལ་རྒྱུན་བཟང་པོ་དང་། རྙོག་འཛིང་ཆེ་བའི་དུས་བབ་ཀྱི་དངོས་ཡོད་ཀྱི་འགྲན་སློང་ལ་ཁ་གཏད་གཅོག་པའི་སྟོབས་དང་ལྡན་པའི་འགན་ལེན་ཞིག་རེད། དམིགས་ཚད་ཀྱི་སྟོན་ཕྱོགས་སྔར་བས་མཐའ་འཁྱོངས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྟག་དཔྱད་ཞིབ་འཇུག་སྐོར་གྱི་རྣམ་བཤད་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་ངོས་འཛིན་ཟབ་ཏུ་གཏོང་བ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས“གཏན་འཁེལ་གཉིས”ལ་བརྩི་སྲུང་ནན་པོ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ་དང་། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན་རྒྱག་པ། དམངས་གཙོ་ཁྲིམས་སྐྱོང་སོགས་ཀྱི་ཁྱབ་ཁོངས་ལ་ཕྱོགས་པ་བཅས་བྱས་ཏེ་བོད་ཀྱི་བྱ་གཞག་ཁག་གི་འཕེལ་རྒྱས་དང་ཡར་ཐོན་ལ་སྐུལ་འདེད་གཏོང་དགོས་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་མི་དམངས་མང་ཚོགས་བློ་ཡིད་འཚིམ་མིན་དེ་རྩ་བའི་བརྡར་གཅོད་ཀྱི་ཚད་གཞིར་བརྩིས་ནས་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་། དམངས་ཀྱི་སེམས་ཁྲལ་སེལ་བ། དམངས་སེམས་གཅིག་ཏུ་སྒྲིལ་བ་བཅས་དངོས་འབྲེལ་ཐུབ་པར་བྱེད་དགོས། བྱས་འབྲས་ཀྱི་སྟོན་ཕྱོགས་སྔར་བས་མཐའ་འཁྱོངས་བྱས་ནས་གནད་དོན་གྱི་གསལ་ཐོ་དང་། འགན་འཁྲིའི་གསལ་ཐོ། གྲུབ་འབྲས་ཀྱི་གསལ་ཐོ་བཅས་ཀྱི་གདུབ་ཟུམ་དོ་དམ་ལམ་སྲོལ་བཙུགས་ཏེ་བརྟག་ཞིབ་ཀྱི་གྲོས་འགོ་དེ་ཡིག་ཐོག་ནས་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་གྱིས་བརྟག་ཞིབ་ཀྱི་བརྒྱུད་རིམ་དང་གྲུབ་འབྲས་བཀོལ་སྤྱོད་སྦྲེལ་མཐུད་ཟབ་མོ་དང་ཕན་ཚུན་སྐུལ་འདེད་ཐུབ་པར་བྱེད་དགོས་པ་དང་། ཕན་འབྲས་རྗེས་སྙེགས་ལ་དམ་འཛིན་ནན་པོ་བྱས་ནས“བརྟག་ཞིབ་དང་། ཚུར་ལན། དག་ཐེར། ཚོད་སྐོར”བཅས་ཀྱི་འཁོར་འབྲེལ་ཧྲིལ་པོའི་ལམ་སྲོལ་བཙུགས་ཏེ་བརྟག་ཞིབ་ཀྱི་གྲུབ་འབྲས་ལ་ཕྱིར་མིག་ལྟ་བ་དང་སླར་ཡང་ཚོད་སྐོར་བྱེད་པ་དང་། གནད་དོན་ཤེས་ཚད་ལ་ལན་གསལ་པོ་ཡོད་པ་དང་སྒྱུར་བཅོས་ཀྱི་འགག་སར་དོན་དག་ཚང་མར་ཚད་བརྒལ་ཡོང་བར་བྱེད་པ། སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་ནན་པོ་བྱས་ནས་བརྟག་དཔྱད་ཞིབ་འཇུག་གི་བརྒྱུད་རིམ་དེ་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱེད་པའི་བརྒྱུད་རིམ་ལ་འགྱུར་བར་བྱེད་པ་དང་། རང་འཁྲིའི་ལས་ཀ་ཡག་པོ་སྒྲུབ་པ་དང་། ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པ། བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་བཅས་ལ་འགྱུར་བ་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་འགན་ལེན་བརྟན་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།