དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ལྗོངས་ཐད་གཏོགས་ལས་ཁུངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་104འཁོར་བར་རྟེན་འབྲེལ་ཞུ་བ་དང“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག”ལ་གཟེངས་བསྟོད་དང་། “སྟོབས་ཆེན་བཞིའི”ཏང་ཀྲི་པུར་མིང་འདོགས་པ། “བཟང་པོ་བཞིའི”ཏང་ཡོན་ཞིབ་དཔྱད་གཏན་འཁེལ་བཅས་ཀྱི་ཚོགས་ཆེན་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-03

    ཚེས་1ཉིན། ལྗོངས་ཐད་གཏོགས་ལས་ཁུངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་104འཁོར་བར་རྟེན་འབྲེལ་ཞུ་བ་དང“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག”ལ་གཟེངས་བསྟོད་དང་། “སྟོབས་ཆེན་བཞིའི”ཏང་ཀྲི་པུར་མིང་འདོགས་པ། “བཟང་པོ་བཞིའི”ཏང་ཡོན་ཞིབ་དཔྱད་གཏན་འཁེལ་བཅས་ཀྱི་ཚོགས་ཆེན་ལྷ་སར་འཚོགས་ཤིང་། ཚོགས་ཆེན་ཐོག་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་། ཕུལ་བྱུང་ཏང་དོན་ལས་དོན་པ། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་ལ་གཟེངས་བསྟོད་དང་། ལྗོངས་ཐད་གཏོགས་ལས་ཁུངས་ཀྱི“སྟོབས་ཆེན་བཞིའི”ཏང་ཀྲི་པུའུ་ཁག་གཉིས་པར་མིང་འདོགས་པ། ལྗོངས་ཐད་གཏོགས་ལས་ཁུངས་ཀྱི“བཟང་པོ་བཞིའི”ཏང་ཡོན་ཁག་དང་པོར་ཞིབ་དཔྱད་གཏན་འཁེལ་བཅས་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། དྲུང་ཆེ། ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་ཀུང་ཧུའེ་ཚའེ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།

    ཀུང་ཧུའེ་ཚའེ་ཡིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་104འཁོར་བ་དང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བ་གོ་སྐབས་སུ་བྱས་ནས་ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་། ཏང་གི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།