དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུས“བདུན་གཅིག”ལ་རྟེན་འབྲེལ་ཞུ་བ་དང“སྟོབས་ཆེན་བཞིའི”ཏང་ཀྲི་པུའུ་དང“བཟང་པོ་བཞིའི”ཏང་ཡོན་གྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-03

    ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་104འཁོར་བ་དང་། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་མཚམས་སུ། རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུས“བདུན་གཅིག”ལ་རྟེན་འབྲེལ་ཞུ་བ་དང“སྟོབས་ཆེན་བཞིའི”ཏང་ཀྲི་པུའུ་དང“བཟང་པོ་བཞིའི”ཏང་ཡོན་གྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་ནས། ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་དང་མཛད་རྗེས་རླབས་པོ་ཆེར་བསྐྱར་དྲན་བྱེད་པ་དང་། ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ། འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱི་ཏང་ཡོན་ལས་བྱེད་པས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་མགྱོགས་མྱུར་བྱ་ཆེད་འཐབ་ཕྱོགས་གཅིག་གྱུར་གྱི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་སྐུལ་སློང་དང་སྐུལ་ལྕག་བྱས་ཡོད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བསོད་ནམས་ཉི་མ་ཚོགས་འདུར་ཞུགས་ནས། ཏང་ཡོན་ཡོངས་ཀྱི་སྣེ་ཁྲིད་དེ་ཏང་ཞུགས་དམ་བཅའ་བསྐྱར་དུ་བཞག་པ་དང་འབྲེལ། ཏང་ལ་ཞུགས་ནས་ལོ་50སོང་བའི་ཏང་ཡོན་རྒན་གྲས་ལ་གཟི་བརྗིད་བྱས་རྗེས་གཟེངས་རྟགས་གནང་བ་དང་། “སྟོབས་ཆེན་བཞིའི”ཏང་ཀྲི་པུའི་སྔོན་ཐོན་མཉམ་སྡེབ་དང“བཟང་པོ་བཞིའི”ཏང་ཡོན་མི་སྒེར་ལ་གཟི་བརྗིད་མཚན་སྙན་ལག་ཁྱེར་ཡང་གནང་བ་རེད།

    ཚོཌ་འདུའི་ཐོག《“སྟོབས་ཆེན་བཞིའི”ཏང་ཀྲི་པུའུ་ཁག་གཉིས་པར་མིང་འདོགས་རྒྱུ་དང་།“བཟང་པོ་བཞིའི”ཏང་ཡོན་ཁག་དང་པོ་ཞིབ་དཔྱད་གཏན་འཁེལ་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་འཐབ་ཕྱོགས་གཅིག་གྱུར་པུའི་གཏན་འབེབས》སྒྲོག་སྦྱངས་དང་། “བཟང་པོ་བཞིའི”ཏང་ཡོན་འཐུས་མིས་སྤེལ་རེས་གཏམ་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།