དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>དབང་ཧའེ་ཀྲོའུ།
  • དབང་ཧའེ་ཀྲོའུ་ལྗོངས་ཐད་གཏོགས་དྲིལ་བསྒྲགས་བསམ་བློ་དང་རིག་གནས་ཁོངས་གཏོགས་ཀྱི་ཉེན་ཟོན་སློབ་གསོའི་ཚོགས་འདུ་དང་སློབ་སྦྱོང་སློབ་གསོའི་ཆེད་དོན་ཏང་གི་སློབ་ཚན་ལ་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-03

    ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་104འཁོར་བར་རྟེན་འབྲེལ་ཞུ་བའི་མཚམས་སུ། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་རྩ་འཛུགས་པུའུ་ཡིས་ཉེན་ཟོན་སློབ་གསོའི་ཚོགས་འདུ་འཚོགས་ཏེ། ཉེ་དུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་། བོད་རང་སྐྱོང་ལྗོངས་ཀྱི་བཀོད་སྒྲིག་བླང་བྱ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། རྒྱལ་ཡོངས་དང་རང་སྐྱོང་ལྗོངས་ཀྱིས་ཞིབ་བཤེར་ཐག་གཅོད་བྱས་པའི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གྱོད་གཞི་བརྡ་ཁྱབ་ཀྱང་བཏང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཚོགས་འདུར་ཞུཌ་པ་དང་འབྲེལ་ཆེད་དོན་ཏང་གི་སློབ་ཚན་ཁྲིད་གནང་བ་རེད།

    དབང་ཧའེ་ཀྲོའུ་ཡིས། ཁོང་གཏོགས་ཡོངས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་གི་བརྒྱུད་རིམ་དང་ལག་ལེན་གྱི་ཉམས་མྱོང་ལས་འཚོ་བཅུད་བླངས་ཏེ། སློབ་སྦྱོང་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ནས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་སྔར་བས་གཏིང་ཟབ་བླངས་ཏེ། སློབ་སྦྱོང་སློབ་གསོར་ཕན་འབྲས་ཏན་ཏིག་ཐོན་པར་སྐུལ་འདེད་གཏོང་དགོས་པ་དང་། སློབ་སྦྱོང་སློབ་གསོའི་གཙོ་གནད་ཀྱི་ནང་དོན་དང་དམིགས་ཚད་ལས་འགན་ལ་དམིགས་ཏེ། དེ་བས་མཐོ་བའི་བླང་བྱ་དང་། ཚད་གཞི། བྱ་ཐབས་བཅས་འདོན་པ་དང་། “སློབ་བཤེར་བཅོས་གསུམ”ལ་གཞི་གཅིག་ཏུ་སྐུལ་འདེད། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དྲིལ་བསྒྲགས་བསམ་བློ་དང་རིག་གནས་ལས་དོན་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་སུ་འགྱུར་བ་བཅས་བྱས་ཏེ། ཕུལ་དུ་བྱུང་བའི་གྲུབ་འབྲས་ཐོག་ནས་རང་སྐྱོང་ལྗོངས་དབུ་བརྙེས་ཏེ་ལོ་ངོ་60འཁོར་བར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།

    ལྗོངས་ཐད་གཏོགས་དྲིལ་བསྒྲགས་བསམ་བློ་དང་རིག་གནས་ཁོངས་གཏོགས་ཚན་པའི་ཏང་ཡོན་དང་ལས་བྱེད་པ་མཉམ་དུ་དྲ་ཐོག་གི་སློབ་སྦྱོང་ནང་ཞུགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།