དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་འཚོགས་ཚུན་ལྗོངས་ཡོངས་ཀྱི་ཏང་གི་སློབ་གྲྭས་ལོ་འཁོར་མོར་མི་ཐེངས་ཁྲི་1.7ལྷག་ཙམ་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-03

    ཚེས་30ཉིན་གྱི་སྔ་དྲོར། གསར་འགོད་པས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་འཚོགས་ཚུན་ལྗོངས་ཡོངས་ཀྱི་ཏང་གི་སློབ་གྲྭའི་བྱ་གཞག་འཕེལ་རྒྱས་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ལྗོངས་ཡོངས་ཀྱི་ཏང་གི་སློབ་གྲྭས་གཞི་རྩའི་གསོ་སྦྱོང་ཁྲིད་སྟོན་དུ་བྱས་ནས་གསོ་སྦྱོང་གི་གཞི་ཁྱོན་དང་སྤུས་ཚད་གཉིས་འཕར་ཡོང་བར་སྐུལ་འདེད་བཏང་ཡོད། 2024ལོར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཏང་གི་སློབ་གྲྭས་གསོ་སྦྱོང་བྱེད་ཚད་མི་ཐེངས་ཁྲི་1ལས་ཐོག་མར་བརྒལ་བ་དང་། ས་ཁུལ་དང་གྲོང་ཁྱེར་གྱི་ཏང་གི་སློབ་གྲྭས་གསོ་སྦྱོང་བྱེད་ཚད་ཆ་སྙོམས་མི་ཐེངས་5000ཟིན་པ། རྫོང་རིམ་པའི་ཏང་གི་སློབ་གྲྭས་གསོ་སྦྱོང་བྱེད་ཚད་ཆ་སྙོམས་མི་ཐེངས་2000ཟིན་ཡོད། ལྗོངས་ཡོངས་ཀྱི་ཏང་གི་སློབ་གྲྭས་ལོ་འཁོར་མོར་མི་ཐེངས་ཁྲི་1.7ལྷག་ཙམ་གསོ་སྦྱོང་བྱས་ནས་བོད་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྗོངས་ཡོངས་ཀྱི་ཏང་གི་སློབ་གྲྭས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བ་འགོ་འཛུགས་ས་གསར་པར་བྱས་ཏེ་སློབ་ཁྲིད་དང་། ཚན་ཞིབ། ཐབས་ཇུས་བློ་འདྲི་བཅས་ཀྱི་སྒྱུར་བཅོས་ཟབ་ཏུ་བཏང་སྟེ། བོད་ཀྱི་དེང་རབས་ཅན་གྱི་ལག་ལེན་ལ་རིག་སྟོབས་དང་ཤེས་ལྡན་པའི་སྟོབས་ཤུགས་མུ་མཐུད་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།