ཝང་ཅུན་ཀྲེང་ཁོངས་གཏོགས་ཏང་ཀྲི་པུའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོར་ཞུཌ་ནས་ཏང་གི་སློབ་ཚན་ཁྲིད་གནང་བ།
ཟླ་7ཚེས་1ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཁོངས་གཏོགས་རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་ཕྱོགས་བསྡུས་ཁྲུའུ་དང་བརྟག་ཞིབ་ཁྲུའི་ཏང་ཀྲི་པུའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོར་ཞུགས་ནས་སློབ་ཚན་ཁྲིད་གནང་བ།
● ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ནན་ཏན་བྱས་ནས་འགན་འཁྲི་ནན་སྒྲུབ་དང་ལས་དོན་ཧུར་ཐག་བསྒྲུབས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།
ཟླ་7ཚེས་1ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཁོངས་གཏོགས་རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་ཕྱོགས་བསྡུས་ཁྲུའུ་དང་བརྟག་ཞིབ་ཁྲུའུ་ཡི་ཏང་ཀྲི་པུའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོར་ཞུགས་ནས་ཏང་གི་སློབ་ཚན་ཁྲིད་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ནན་ཏན་དང་རང་འགན་ནན་སྒྲུབ་ཀྱིས་ལས་དོན་ཧུར་ཐག་བསྒྲུབས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
བྱེད་སྒོ་སྤེལ་རིང་། ཏང་ཀྲི་པུའི་ཏང་ཡོན་ཚོས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་དང་ལས་དོན་དངོས་ཟུང་འབྲེལ་བྱས་ནས་སློབ་སྦྱོང་གི་མྱོང་ཚོར་སྤེལ་རེས་བྱས་པ་རེད། གཏམ་བཤད་གསན་རྗེས། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ།“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞིར་མུ་མཐུད་དམ་འཛིན་བྱས་ནས་བྱ་གཞག་ཁག་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་ཡོད། དེའི་ནང་གཞུང་དོན་ཐིང་ཁོངས་གཏོགས་ཀྱི་ལས་བྱེད་པ་དང་ལས་བཟོ་ཡོངས་ཀྱི་དཀའ་སྤྱད་འབད་བརྩོན་དང་རྔུལ་ཆུ་ཡང་འདུས་ཡོད་ཅེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་མཐའ་འཁྱོངས་ཀྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ། བློ་བརྟན་འགྱུར་མེད་ངང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་བ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྒྱུན་སྲིང་ལྷོད་མེད་ངང་སྤྱད་དེ་བློ་སྒྲིལ་སེམས་སྐྱེད་མཐའ་འཁྱོངས་བྱེད་པ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཟབ་སྦྱོང་མཐིལ་རྟོགས་བྱེད་པ་དང་དེའི་ནང་འདུས་པའི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཏན་ཏིག་བྱེད་དགོས། ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་ནས་དད་སེམས་ཀྱི་རྨང་གཞི་བརྟན་འཛུགས་དང་། སྙིང་སྟོབས་ཀྱི་འཚོ་བཅུད་ཟབ་འདྲེན། བསམ་བློའི་ཁ་ཕྱོགས་བརྟན་བཟུང་བཅས་བྱས་ཏེ་ཏང་དང་། རྒྱལ་ཁབ། མི་དམངས། བྱ་གཞག་བཅས་ལ་ལྷག་བསམ་རྣམ་དག་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཚད་མཐོའི་རང་རྟོགས་ཀྱི་སྤྱི་ཡོངས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ། སྤྱི་ཡོངས་ལ་བཀྲག་མདངས་དང་ས་ཁོངས་གཅིག་ལ་གཟི་བརྗིད་སྣོན་དགོས། ལས་ཀའི་སྤྱི་ཡོངས་ལ་ངོས་འཛིན་གསལ་པོ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པར་དམ་པོར་དམིགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་ཁ་གསལ་བཏོན་གནང་བའི“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞིར་དུས་དང་རྣམ་པ་ཀུན་ཏུ་དམིགས་ཏེ། རང་ངོས་ཀྱི་ངེས་གནས་གནད་ལ་འཁེལ་པོས་འཚོལ་བ་དང་རང་ངོས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་སྤྱི་འདོམས་མཐུན་སྦྱོར་གྱི་ནུས་པ་འདོན་དགོས། སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་གནད་དོན་ལ་ལྟ་སྟངས་འཛིན་མཁས་པོ་བྱེད་པ་དང་། “ཞབས་ཞུ་གསུམ”གྱི་ལས་ཀའི་ནུས་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ། ལས་དོན་ཁག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་གྱི་བླང་བྱ་དང་དེ་བས་མཐུན་པ་བཅས་བྱས་ནས། དུས་བབ་འཕེལ་རྒྱས་དང་འགྱུར་ལྡོག་གི་དགོས་མཁོ་དང་རྒྱུན་ཆད་མེད་པར་འཚམ་པར་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། འགན་འཁྲི་ནན་འཁུར་གྱི་ལས་ཀའི་སྤྱོད་ཚུལ་མཐའ་འཁྱོངས་བྱས་ཏེ་དངོས་འཛིན་དངོས་སྒྲུབ་དང་ཡག་ཐོག་ཡག་བརྩེགས་ཡོང་བ་བྱེད་དགོས། གཟབ་ནན་འགན་འཁུར་གྱི་རྣམ་འགྱུར་མཐའ་འཁྱོངས་བྱས་ཏེ་བྱེད་བསམ་པའི་ལས་ཀ་ཡག་ཤོས་བྱེད་པ་དང་སྒྲུབ་བསམ་པའི་བྱ་བ་ཡག་ཤོས་སྒྲུབ་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། “འཁྱགས་སྲབ་ཐོག་འགྲོ་བ་དང་གཡང་ས་འགྲིམ་པ་ལྟར”གྱི་གཟབ་ནན་ལ་བརྟེན་ནས་ལས་དོན་ཞིབ་ཕྲ་དང་། ཏན་ཏིག སྤུས་དག་བཅས་སྒྲུབ་དགོས། དངོས་ཐོག་བདེན་འཚོལ་དང་ཤེས་སྦྱོར་གཅིག་མཐུན་གྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། དངོས་འཛིན་དངོས་སྒྲུབ་ཀྱི་ལས་ཀའི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། དོན་དངོས་ལ་གཞིགས་ནས་བྱ་གཞག་དང་ལས་དོན་ལ་འཆར་འགོད་བྱེད་པ། སྐད་ཆ་དྲང་པོ་ཤོད་པ་དང་། བྱ་བ་དངོས་སྒྲུབ་པ། དངོས་ཕན་དོན་གཉེར་བཅས་བྱས་ནས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས། ལས་ཕྱོད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་ལས་ཕྱོད་ཀྱི་འདུ་ཤེས་ཟབ་མོ་བཙུགས་ཏེ། ལས་ཕྱོད་ཆེ་བའི་ཞབས་ཞུ་དང་འཕྲལ་དུ་སྒྲུབ་པར་འབད་བརྩོན་བྱས་ཐོག རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་གཏན་འཁེལ་བྱས་རིགས་ཀྱི་དོན་དག་མཐའ་གཅིག་ཏུ་ལག་བསྟར་དང་། ལས་ཕྱོད་ཆེན་པོས་དོན་འཁྱོལ། ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བ། ལྟ་སྐུལ་རྗེས་སྙེག་བཅས་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བླང་བྱ་ཁག་དོན་འཁྱོལ་ཏན་ཏིག་ཐུབ་པའི་འགན་ལེན་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། འཁང་ར་དང་གནོང་འགྱོད་སྤུ་ཙམ་ཡང་མེད་པའི་ལེགས་སྐྱེས་འབུལ་འདོད་པའི་སྙིང་སྟོབས་མཐའ་འཁྱོངས་བྱས་ཏེ་ཧུར་བརྩོན་ལས་བཀུར་དང་ནུས་ཤུགས་ཡོད་རྒུས་སྒྲུབ་དགོས། ཁྱིམ་ཞེན་རྒྱལ་ཞེན་གྱི་བསམ་བློ་བཙུགས་ཏེ་བསམ་བློའི་གནས་ཚད་མཐོ་རུ་གཏོང་བ་དང་ཏང་དང་མི་དམངས་ཀྱི་བྱ་གཞག་སེམས་ནང་ཐོག་མཐའ་བར་གསུམ་དུ་བཅངས་ནས། ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་ཧུར་ཐག་འབད་ཐག་དང་། ངལ་བ་དང་འཁང་ར་གཉིས་བཟོད་ཀྱིས་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་། “ལམ་གཉིས”ཀྱི་སྙིང་སྟོབས་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། གུང་ཁྲན་ཏང་མིའི་བསམ་པའི་མཐོ་ས་སྲུང་སྐྱོང་ཡག་པོ་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྤྱོད་གཙང་རང་གཅུན་གྱི་ཀུན་སྤྱོད་བསམ་ཚུལ་མཐའ་འཁྱོངས་བྱས་ཏེ་སྒྲིག་བཀུར་ཁྲིམས་སྲུང་དང་རང་གཅུན་ནན་པོ་བྱེད་དགོས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་སྲོལ་ལ་བརྩི་སྲུང་ནན་པོ་ཞུ་བ་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་ནན་ཏན་བྱས་ཏེ། ཆབ་སྲིད་ཀྱི་ངེས་ཤུགས་དང་། སྒྲིག་ཁྲིམས་ཀྱི་ངེས་ཤུགས། ཀུན་སྤྱོད་ཀྱི་ངེས་ཤུགས། རུལ་འགོག་གི་ངེས་ཤུགས་བཅས་ཆེ་རུ་གཏོང་བ་དང་། “ཤོག་ཁག་ཆུང་ངུ”སྣ་ཚོགས་དང་མཐའ་གཅིག་ཏུ་རྒྱང་ཐག་རིང་དུ་བཏང་ནས་ཚུལ་མིན་སྤྱོད་ཚུལ་སྣ་ཚོགས་རང་རྟོགས་ངང་བཀག་འགོག་བྱེད་དགོས། རང་ངོས་ཀྱི་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཤེས་བྱ་གསོག་འཇོག་བྱེད་ཚད་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ། ཤེས་བྱའི་གྲུབ་ཆ་འཐུས་སྒོ་ཚང་དུ་གཏོང་བ། ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་སྤྱོད་ཡོན་གཉིས་ལྡན་གྱི་ལས་བྱེད་པར་འཚར་ལོངས་ཡོང་བ་བྱེད་དགོས། གཞུང་དྲང་སྤྱོད་གཙང་རྒྱུན་འཁྱོངས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ལམ་ལུགས་དང་སྒྲིག་སྲོལ་ལྟར་བྱ་བ་སྒྲུབ་པ་དང་གཞུང་དབང་སྒེར་སྤྱོད་དང་གཞུང་ཆས་སྒེར་སྤྱོད་གཏན་ནས་མི་བྱེད་པར་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཧུར་ཐག་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལས་བྱེད་ལས་བཟོའི་ལས་ཀ་དང་འཚོ་བར་སེམས་ཁུར་བྱེད་པ་དང་། དཀའ་ངལ་དང་གནད་དོན་དངོས་ཐག་གཅོད་ཧུར་ཐག་བྱེད་པ། ལས་དོན་སྒྲུབ་སྟངས་དང་སྒྲུབ་ཐབས་ལ་དོ་སྣང་བྱེད་པ། ལས་བྱེད་པ་གསོ་སྐྱོང་དང་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། མཐོང་རྒྱ་ཡངས་པོས་ལས་བྱེད་པ་སྤྱོད་པ། སྲོལ་ལུགས་གཅིག་གི་འཆིང་རྒྱ་ལས་བསྒྲལ་ཏེ་ཤེས་ལྡན་པ་འདེམས་པ། ལས་ཀའི་རང་འགུལ་རང་བཞིན་དང་ཧུར་བརྩོན་རང་བཞིན་སྐོང་འཐེན་ཏན་ཏིག་བཅས་བྱས་ནས། ལས་བྱེད་པས་ལས་སྒྲུབ་ལས་གཏོད་དང་འཇོན་ཐང་ངོམ་པར་རྣམ་པ་ཟབ་མོ་དང་ཁོར་ཡུག་བཟང་པོ་སྐྲུན་དགོས།