དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • དུས་རབས་གསར་པའི་མཐའ་མཚམས་ཀྱི་ཏང་འཛུགས་སྐྱོང་བགྲོ་གླེང་ཚོགས་འདུ་བོད་ལྗོངས་སྨན་གླིང་དུ་འཚོགས་པ།

    ལི་ཀྲི་ཡུང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-02

    བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་དང་སྒྲིག་འཛུགས་ཞིབ་ཚགས་བྱས་པའི་འོག་ཟླ་6ཚེས་27དང་28ཉིན་དུས་རབས་གསར་པའི་མཐའ་མཚམས་ཀྱི་ཏང་འཛུགས་སྐྱོང་བགྲོ་གླེང་ཚོགས་འདུ་བོད་ལྗོངས་སྨན་གླིང་དུ་འཚོགས་ཤིང་། རྒྱལ་ཡོངས་ཏང་འཛུགས་སྐྱོང་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་གཙོ་ལི་ཀྲི་ཡུང་ཞུགས་ནས་གསུང་བཤད་གནང་བ་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས་གཏམ་བཤད་གནང་བ། བོད་དམག་ཁུལ་ཁང་གི་འགོ་ཁྲིད་ཀྱིས་ཤིས་ཚིག་བསྒྲོན་པ་རེད། བོད་ལྗོངས་ཏང་འཛུགས་སྐྱོང་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་གཙོ་རྡོ་ཐོགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཀྲུང་དབྱང་གི་འབྲེལ་ཡོད་པུའུ་ཨུད་དང་། ཀྲུང་དབྱང་དམག་ཨུད། ནུབ་རྒྱུད་འཐབ་ཁུལ། སྐམ་དམག་ཆབ་སྲིད་ལས་དོན་པུའི་འབྲེལ་ཡོད་འགན་འཁུར་བློ་མཐུན་བཅས་ཞུགས་པ་དང་། ཕྱི་འབྲེལ་པུའུ་དང་། ཀྲུང་དབྱང་ཏང་གི་སློབ་གྲྭ ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་། ཆིང་ཧྭ་སློབ་ཆེན། རྒྱལ་སྲུང་སློབ་ཆེན། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་བཅས་ཀྱི་འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་མཁས་དབང་། དེ་བཞིན་ནང་སོག་དང་། ལེའོ་ཉིང་། ཅི་ལིན། ཧེ་ལུང་ཅང་། ཀོང་ཤིས། ཡུན་ནན། ཤིན་ཅང་། ཀན་སུའུ་སོགས་ཀྱི་སྐམ་སའི་མཐའ་མཚམས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་འཐུས་མིས་ཚོགས་འདུའི་བརྗོད་དོན་གཙོ་བོར་དམིགས་ནས་སྤེལ་རེས་དང་བགྲོ་གླེང་བྱས་པ་རེད།

    ལི་ཀྲི་ཡུང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་འཐབ་ཇུས་མཐོ་ཚད་ནས་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་བའི་འཐབ་ཇུས་དགོངས་པ་བཏོན་གནང་སྟེ་མཐའ་མཚམས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པའི་ཐད་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ནས་མཐའ་མཚམས་མི་རིགས་ས་ཁུལ་དུ་ཏང་གི་སྲིད་འཛིན་གྱི་རྨང་གཞི་བརྟན་དུ་གཏོང་བར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད་ཅེས་གསུངས་པ་རེད། ལི་ཀྲི་ཡུང་གིས་ནན་བཤད་གནང་དོན། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་དོན་སྙིང་གལ་ཆེན་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས་མཐའ་མཚམས་ཀྱི་ཏང་འཛུགས་སྐྱོང་དང་མཐའ་མཚམས་བཅོས་སྐྱོང་གི་རང་རྟོགས་རང་བཞིན་དང་འགྱུར་མེད་རང་བཞིན་ཆེ་རུ་ཏན་ཏིག་གཏོང་དགོས་པ་དང་། ཉམས་མྱོང་བློ་འབྱེད་ལ་ཕྱིར་དྲན་དང་ཕྱོགས་སྡོམ་བྱས་ནས་མཐའ་མཚམས་ཀྱི་ཏང་འཛུགས་སྐྱོང་དང་མཐའ་མཚམས་བཅོས་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་པའི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་བྱེད་ཟབ་ཏུ་གཏོང་དགོས་པ། རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་གསལ་འགྲེལ་གཏིང་ཟབ་ཏུ་བཏང་ནས་སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་གི་ཞིབ་འཇུག་ལ་བརྟེན་ཏེ་མཐའ་མཚམས་ཀྱི་ཏང་འཛུགས་སྐྱོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་གཞི་རིམ་གྱི་ཏང་འཛུགས་སྐྱོང་གི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་མཐའ་མཚམས་བཅོས་སྐྱོང་གི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།

    ལའེ་ཅའོ་ཡིས། “མཉམ་ལྔ་བརྟན་ལྔའི”ལས་དོན་གཏིང་ཟབ་ཏུ་དང་རྒྱ་སྐྱེད་བཏང་ནས་དར་རྒྱས་བརྟན་ལྷིང་གི་མེས་རྒྱལ་གྱི་མཐའ་མཚམས་བསྐྲུན་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།