ལའེ་ཅའོ་རང་སྐྱོང་ལྗོངས་ཀྱི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་བཞུགས་མོལ་ཚོགས་འདུ་དང་ཆེད་དོན་བཅོས་སྒྲིག་ལས་དོན་གྱི་བཀོད་གཏོང་ཚོགས་འདུར་ཞུགས་པ།
ཚེས་26ཉིན། རང་སྐྱོང་ལྗོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་བཞུགས་མོལ་ཚོགས་འདུ་དང་ཆེད་དོན་བཅོས་སྒྲིག་ལས་དོན་གྱི་བཀོད་གཏོང་ཚོགས་འདུ་འཚོགས་ནས། རང་སྐྱོང་ལྗོངས་ཀྱི་སློབ་སྦྱོང་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་5དང་ཆེད་དོན་བཅོས་སྒྲིག་རྣམ་གྲངས་ཁག་3གྱི་ལས་དོན་སྤེལ་ཚུལ་གྱི་སྙན་སེང་གསན་ཏེ་ལྟ་སྐུལ་མཛུབ་ཁྲིད་དང་ཆེད་དོན་བཅོས་སྒྲིག་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་ཡང་བསྐྱར་བཀོད་སྒྲིག་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ལའེ་ཅའོ་ཡིས་བསྟན་དོན། ཟླ་བ་5པའི་ཟླ་མཇུག་ཏུ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཁག་བཅའ་སྡོད་བྱས་ཚུན། “ཏན་ཏིག”ཐད་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་ཀྱིས་མཛུབ་ཁྲིད་དང་ལྟ་སྐུལ་མཛུབ་ཁྲིད་ཀྱི་ལས་དོན་རང་འགུལ་དང་སྒམ་བརླིང་ནན་ཏན་གྱིས་སྤེལ་ནས། སློབ་སྦྱོང་སློབ་གསོར་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་བཏོན་ཡོད། ཆེད་དོན་བཅོས་སྒྲིག་རྣམ་གྲངས་ཁག་གསུམ་གྱི་སྣེ་ཁྲིད་སྡེ་ཚན་དང་འགན་འཁུར་སྡེ་ཚན་གྱིས་འགན་ནུས་དང་འགན་འཁྲིར་གཞིས་ཚུགས་པ་དང་ཆེད་དོན་བཅོས་སྒྲིག་གི་གཙོ་གནད་བྱེད་ཐབས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་ཆེད་དོན་བཅོས་སྒྲིག་ལས་དོན་གྱི་ཁ་ཕྱོགས་ཡང་དག་པ་དང་། ལག་བསྟར་བྱ་ཡུལ་གནད་ལ་འཕིགས་པ། ཕན་འབྲས་བཟང་བ་བཅས་ཡོང་བར་སྐུལ་འདེད་གཏོང་དགོས།
ལའེ་ཅའོ་ཡིས་ནན་བཤད་གནང་དོན། ཆེད་དོན་བཅོས་སྒྲིག་ལས་དོན་ནན་པོ་དང་ཏན་ཏིག་སྤེལ་བ་དང་ཆེད་དོན་བཅོས་སྒྲིག་ལས་དོན་དེ་སློབ་སྦྱོང་སློབ་གསོའི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། ཁྲིམས་སྒྱུར་ཁྲིམས་འཛིན་གྱི་ཆུ་ཚད་སྔར་བས་མཐོ་རུ་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་པར་ཞབས་འདེགས་ཞུ་བའི་ཐད་ཕན་འབྲས་དངོས་ཐོབ་པའི་བརྩོན་ལེན་བྱེད་པ་དང་། སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡང་དག་བཙུགས་ཏེ་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་གིས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཐད་བྱ་ཐབས་དངོས་འདོན་པ། སྒྲིག་འགལ་བཟའ་འཐུང་གཅིག་སྡུད་བཅོས་སྒྲིག་བྱེད་པའི་ཐད་ནན་པོ་ཧུར་ཐག་བྱས་ཏེ“རྨ་ཆུང”གནད་དོན་ཐག་གཅོད་བྱེད་པར་བརྟེན་ནས་སྤྱོད་ཚུལ་འཛུགས་སྐྱོང་གི“འགྱུར་ལྡོག་ཆེན་པོར”སྐུལ་ཁྲིད་བྱེད་དགོས།