ཀྲུང་གོའི་བོད་རང་སྐྱོང་ལྗོངས་དང་ནེ་པ་ལའི་མཛའ་གྲོགས་གྲོང་ཁྱེར་གྱི་མཉམ་ལས་སྤེལ་རེས་ཚོགས་འདུ་འཚོགས་པ།
ཟླ་6ཚེས་23ནས་ཚེས་25ཉིན་བར“མཉམ་སྤྱོད་མཉམ་སྐྲུན། འབྱུང་འགྱུར་མཉམ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་གོའི་བོད་རང་སྐྱོང་ལྗོངས་དང་ནེ་པ་ལའི་མཛའ་གྲོགས་གྲོང་ཁྱེར་གྱི་མཉམ་ལས་སྤེལ་རེས་ཚོགས་འདུ་ལྷ་སར་འཚོགས་པ་རེད།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲའོ་ཕུང་ཚོགས་འདུར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་བསྒྲོན་པ་རེད།
ཚོགས་འདུའི་ཐོག་ཀྲུང་གོ་དང་ནེ་པ་ལ་ནི་རི་ཆུ་གཅིག་ཏུ་སྦྲེལ་བའི་ཁྱིམ་མཚེས་ཡག་པོ་དང་། གྲོགས་པོ་ཡག་པོ། རོགས་ཟླ་ཡག་པོ་བཅས་རེད། ནེ་པ་ལ་དང་ཁྱིམ་མཚེས་ཡིན་པའི་ཀྲུང་གོའི་བོད་ལ་ཆ་མཚོན་ན། ནེ་པ་ལ་དང་མི་ཆོས་རིག་གནས་མཉམ་འདྲེས་ཡིན་ལ་མི་རབས་ནས་མི་རབས་བར་མཛའ་མཐུན་ཟབ་མོའང་ཡོད། ཀྲུང་གོ་དང་ནེ་པ་ལའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བ་གོ་སྐབས་སུ་བརྩིས་ནས། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་དབར་བྱུང་བའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ནན་ཏན་བྱེད་པ་དང་། ནེ་པ་ལ་ཕྱོགས་དང་མཉམ་དུ་མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་དང་། སྤེལ་རེས་འགྲོ་འོང་། གཉིས་ཕན་མཉམ་ལས། དམངས་སེམས་གཅིག་འབྲེལ་བཅས་ཀྱི་འབྲེལ་ཐག་བཞི་བཙུགས་ནས། ཀྲུང་གོ་དང་ནེ་པ་ལའི་དབར་མཛའ་གྲོགས་གྲོང་ཁྱེར་གྱི་མཉམ་ལས་ཀྱི་ལེའུ་གསར་པ་མཉམ་དུ་རྩོམ་འདོད་ཡོད་ཅེས་བརྗོད་པ་རེད།