ལའེ་ཅའོ་ཡིས་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་རུ་ཆེད་དོན་ཏང་གི་སློབ་ཚན་ཁྲིད་པ།
ཚེས་25ཉིན། ལྗོངས་ཏང་ཨུད་རྩ་འཛུགས་པུས་ཆེད་དོན་ཚོགས་འདུ་འཚོགས་ཏེ་ཏང་དབུ་བརྙེས་ནས་ལོ་104འཁོར་བར་རྟེན་འབྲེལ་ཞུས་པ་མ་ཟད། པུའུ་ལས་ཁུངས་ཀྱི་སྔོན་ཐོན་ཏང་ཀྲི་པུའུ་དང་ཕུལ་བྱུང་གུང་ཁྲན་ཏང་ཡོན་ལ་གཟེངས་བསྟོད་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཚོགས་འདུར་ཞུགས་པ་དང་འབྲེལ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་མུ་མཐུད་བྱེད་པའི་ཆེད་དོན་ཏང་གི་སློབ་ཚན་ཁྲིད་པ་རེད།
ལའེ་ཅའོ་ཡིས་ནན་བཤད་གནང་དོན། རྩ་འཛུགས་སྡེ་ཚན་གྱིས་ནན་ཏན་ངང་རང་འགན་གཙང་སྒྲུབ་དང་། ཚད་གཞི་མཐོ་བ་དང་སྤུས་ཚད་ལེགས་པའི་སྒོ་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བ་དང་བྱ་སྤྱོད་དུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་བཏང་སྟེ་སློབ་སྦྱོང་ལ་སྤུས་ཚད་ལྡན་པ་དང་། ཞིབ་བཤེར་ལ་ཤུགས་ཚད་ལྡན་པ། བཅོས་སྒྲིག་ལ་ཕན་འབྲས་ལྡན་པའི་འགན་ལེན་བྱེད་དགོས། སློབ་སྦྱོང་སློབ་གསོ་སྤེལ་བ་གོ་སྐབས་སུ་བྱས་ནས་རྒྱ་ཆེའི་རྩ་འཛུགས་ལས་དོན་གྱི་ལས་བྱེད་པས“དོན་ཆེན་བཞིར”དམིཌ་ནས“འཛུཌ་གཏོད་བཞིར”ཤུཌ་རྒྱག་པར་སྐུལ་འདེད་བཏང་སྟེ་བསམ་བློའི་སྤྱོད་ཚུལ་མཐོ་རུ་གཏོང་བ་དང་། ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ། འཚོ་བའི་སྤྱོད་ཚུལ་ལ་ཞུན་བརྡར་བཅས་བྱས་ནས“ནང་སེམས་རྒྱུད་ལ་འཇགས་པ”དང“ཕྱི་བྱ་སྤྱོད་དུ་འཁྱོལ་བ”བྱ་རྒྱུ་དེ་མཐའ་སྐྱོང་བོད་བརྟན་གྱི་ལག་ལེན་ཟབ་མོའི་ཁྲོད་གོ་དོན་མཐིལ་རྟོགས་བྱེད་དགོས། སློབ་སྦྱོང་སློབ་གསོ་དེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལོ་4བསྟུད་མར་སྤེལ་བའི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་དང་ཟུང་འབྲེལ་བྱས་ཏེ། སྤྱོད་ཚུལ་ལ་ཞིབ་བཤེར་དང་། འགན་འཁྲིར་ཞིབ་བཤེར། སྐྱོན་ཆར་ཞིབ་བཤེར། དོན་འཁྱོལ་ལ་ཞིབ་བཤེར་བཅས་བྱས་ནས་ལྗོངས་ཡོངས་ཀྱི་གོང་འོག་བློ་སེམས་གཅིག་མཐུན་དང་། ངར་ཤུགས་སྐྱེད་པ། ལས་ལ་བརྩོན་པ་བཅས་ཀྱི་རྣམ་པ་བཟང་པོ་མུ་མཐུད་བརྟན་དུ་གཏོང་དགོས།