དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱི་2025ལོའི“བདུན་གཅིག”གི་གླུ་གཞས་འགྲན་བསྡུར་ལྷོ་ཁར་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-06-25

    བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་སྔར་བས་སློབ་སྦྱོང་ལག་བསྟར། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ལག་བསྟར་དོན་འཁྱོལ་བཅས་བྱ་ཆེད། བོད་རང་སྐྱོང་ལྗོངས་ཀྱིས“རྟེན་འབྲེལ་ཆེ་མོ་བསུ། ཏང་གི་དྲིན་ལ་བསྟོད། མཉམ་དུ་འབད་འབུངས་བྱེད”ཅེས་པའི་2025ལོའི“བདུན་གཅིག”གླུ་གཞས་འགྲན་བསྡུར་ཟླ་6ཚེས་25དང་ཚེས་26ཉིན་ལྷོ་ཁ་གྲོང་ཁྱེར་རིག་གནས་སྒྱུ་རྩལ་ལྟེ་གནས་སུ་བྱ་རྒྱུ་རེད། ད་ཐེངས་ཀྱི་བྱེད་སྒོ་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དྲིལ་བསྒྲགས་པུའུ་དང་། ཀྲུང་གུང་ལྷོ་ཁ་གྲོང་ཨུད། ལྷོ་ཁ་གྲོང་ཁྱེར་མི་དམངས་སྲིད་གཞུང་། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་ལ“གླུ་ཞིག་བླངས་ནས་ཏང་ལ་འབུལ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་རྐང་ལ་དམིགས་ནས་མཐུན་སྒྲིལ་འབད་འབུངས་ཀྱི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ་དང་དུས་རབས་གསར་པའི་བོད་ཀྱི་རྣམ་པ་གསར་པ་དང་ཉམས་འགྱུར་གསར་པ་མངོན་པར་བྱས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོར་སེམས་ནུས་གཅིག་སྒྲིལ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པར་ལྕག་སྐུལ་བྱ་རྒྱུ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། འགྲན་བསྡུར་ལ་རུ་ཁག་15ཙམ་ཞུགས་ཡོད་ཅིང་། དེ་ནི་རང་སྐྱོང་ལྗོངས་ཐད་གཏོགས་ལས་ཁུངས་དང་། གཞུང་ཁོངས་རྒྱུ་ནོར་ཁོངས་གཏོགས། ས་ཁུལ(གྲོང་ཁྱེར)བདུན་དང་ལྷོ་ཁའི་གཞི་རིམ་མང་ཚོགས་བཅས་ལས་གྲུབ་པ་ཞིག་རེད། ཟླ་6ཚེས་25ཉིན་གྱི་དགོང་མོ་གླུ་གཞས་འགྲན་བསྡུར་གྱི་མཐའ་བསྡུར་བྱ་རྒྱུ་དང་ས་གནས་ས་ཐོག་ཏུ་བྱ་དགའ་རིམ་པ་དང་པོ་དང་། གཉིས་པ། གསུམ་པ་བཅས་དང་དེ་བཞིན་སྒྲིག་འཛུགས་བྱ་དགའ་ཁག་གཅིག་དཔྱད་འདེམས་བྱ་རྒྱུ་རེད། ཟླ་6ཚེས་26ཉིན་གྱི་དགོང་མོ་འགྲན་ཞུགས་རུ་ཁག་ཚང་མ་ཕུལ་བྱུང་གླུ་གཞས་མཉམ་གཏོང་གི་རོལ་དབྱངས་འདུ་ཚོགས་ལ་ཞུགས་ནས་མུ་མཐུད་སྙན་པའི་གླུ་དབྱངས་ལ་བརྟེན་ནས་ཏང་དང་མེས་རྒྱལ་ལ་བསྟོད་གླུ་འབུལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།