དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་ལྗོངས་ཀྱི་སྡེ་ཚན་ཁག་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ།

    སློབ་བཤེར་བཅོས་གསུམ་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས་སློབ་སྦྱོང་དང་སློབ་གསོ་ལག་ལེན་དུ་འཁྱོལ་བ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-24

    ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་ཚུན་དུ། རང་ལྗོངས་ཀྱི་སྡེ་ཚན་ཁག་གིས་བརྗོད་དོན་གཙོ་བོར་དམིགས་པ་དང་། ཇུས་འགོད་ཞིབ་ཚགས། བཀོད་སྒྲིག་ཚགས་ཚུད་བཅས་མཐའ་འཁྱོངས་བྱས་ཏེ་སློབ་བཤེར་བཅོས་གསུམ་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་ཞིང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་ལྷོད་མེད་བྱས་ནས་སློབ་སྦྱོང་གི་སྤུས་ཚད་ལེགས་པ་དང་། ཞིབ་བཤེར་གྱི་ཤུགས་ཚད་ཆེ་བ། བཅོས་སྒྲིག་གི་ཕན་འབྲས་ཆེ་བ་བཅས་འགན་ལེན་བྱེད་དགོས་པའི་ཁྲིད་སྟོན་བྱས་ཡོད།

    གཞིས་རྩེ་གྲོང་ཁྱེར་བོད་སྐད་ཡིག་ཨུ་ལྷན་གཞུང་དོན་ཁང(རྩོམ་སྒྱུར་ཅུས)གིས་སློབ་སྦྱོང་ཞིབ་བསྡུར་དང་། གནད་དོན་བཤེར་འདོན། ཞིབ་བརྟག་བཅོས་སྒྲིག སྒོ་དབྱེ་སློབ་གསོ་བཅས་གཙོ་གནད་ལས་འགན་4ཞིབ་ཕྲའི་བྱེད་ཐབས་གསལ་ཐོ་11ལ་ཁག་བགོས་ཏེ། སློབ་བཤེར་བཅོས་གསུམ་རྒྱུན་གཏན་དུ་འགྱུར་བ་དང་རྒྱུན་དུ་དམ་འཛིན་བྱེད་པར་གཞི་གཅིག་ཏུ་སྐུལ་འདེད་བཏང་ཞིང་། གཅིག་སྡུད་བཅོས་སྒྲིག་བྱེད་པའི་ཕྱོགས་11ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་དང་གསལ་ཐོ་གཉིས་ལ་དམིགས་པའི་ཁར། མང་ཚོགས་ཀྱི་བསམ་འཆར་ཁྲོད་ནས་གནད་དོན་འཚོལ་ཞིབ་ལ་མཐོང་ཆེན་བྱས་ཏེ། སྡེ་ཚན་དེ་གའི་གནད་དོན་དངོས་དང་ཁུངས་སྣེ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་མ་ཟད། ཟླ་རེར་ཞིབ་བཤེར་ཐེངས་རེ་བྱས་ཏེ་སྟབས་བསྟུན་རྣམ་པའི་གནད་དོན་གྱི་ཟུར་བཙུགས་རྩིས་ཁྲའང་བཟོས་པ་དང་། རྣམ་གྲངས་ཅན་གྱི་ཐོག་ནས་བཤེར་འདོན་བྱས་པའི་གནད་དོན་བཅོས་སྒྲིག་བྱས་ཏེ། མང་ཚོགས་ཀྱིས་བཏོན་པའི་གནད་དོན་བཅོས་སྒྲིག་བྱས་ཚུལ་མཇུག་འདེད་གཏོང་བ་དང་ཕན་འབྲས་འདྲི་རྩད་བྱེད་པར་སྣང་ཆེན་བྱས་ནས་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་རྒྱུར་མུ་མཐུད་སྐུལ་འདེད་བཏང་ཡོད། མིག་སྔའི་བར་བསམ་འཆར་དང་གྲོས་འགོ་1བསྡུ་ལེན་བྱས་པ་དང་། གནད་དོན་5ལ་བཤེར་འདོན་བྱས་པ། གཅིག་སྡུད་བཅོས་སྒྲིག་གི་གསལ་ཐོའི་ནང་2བཅུག་པ། རྣམ་གྲངས་4ལ་ཕན་འབྲས་ཐོབ་ཡོད། དེ་དང་ཆབས་ཅིག་སྒོ་ཕྱེ་ནས་སློབ་གསོ་སྤེལ་རྒྱུ་མཐའ་འཁྱོངས་བྱས་ཏེ“དམངས་ཕན་ཞབས་ཞུའི་ཚོམས་ཆེན་གྱི་ཡིག་སྒྱུར་སྐར་ཁུང་དང་ཐམ་རྐོ་ཀུང་སིའི་དབར་གྱི་འབྲེལ་གཏུག་ཆ་འཕྲིན་བརྒྱུད་སྤྲོད་དུས་ཐོག་ཏུ་མ་བྱུང་བའི”གནད་དོན་འཕྲལ་མར་བཅོས་སྒྲིག་བྱས་ཤིང་། གནད་དོན་བཅོས་སྒྲིག་བྱེད་པའི་སྐབས་དང་བསྟུན་ནས་ལས་ཆོད་ཆེ་རུ་དང་ཞབས་ཞུའི་བྱ་སྤྱོད་ཚད་ལྡན་དུ་བཏང་ཡོད།

    ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་ཚུན་དུ། ཧྭ་གློག་བོད་ལྗོངས་ཀུང་སིའི་ཏང་ཨུད་ཀྱིས་གསལ་ཐོར་དོ་དམ་དང་བརྒྱུད་རིམ་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་རྒྱུ་ཟུང་འབྲེལ་བྱེད་པའི་ལས་ཀའི་ལམ་སྲོལ་དང་། ལྟེ་བའི་ཚོགས་ཆུང་གི་དཔེ་སྟོན་སློབ་སྦྱོང་དང་། ཀྲི་པུའི་གཙོ་གནད་སློབ་སྦྱོང་། མི་སྒེར་གྱི་སློབ་སྦྱོང་གཏིང་ཟབ་བཅས་ཟུང་འབྲེལ་གྱི་རིམ་གསུམ་སློབ་སྦྱོང་ལམ་སྲོལ་དང“བརྒྱུད་རིམ་ཧྲིལ་པོ་ལངས་གཟུཌ་ཅན”གྱི་གནད་དོན་བཤེར་འདོན་དང་བཅོས་སྒྲིག་ལམ་སྲོལ་བཅས་ཧུར་ཐག་བཟོས་པ་དང་། ཡིག་འབུལ་ཞུ་བཅར་གྱི་ཆེད་སྤྱོད་ཡིག་སྒམ་དང་བསམ་འཆར་སྒམ་བཙུགས་པ། དེ་བཞིན“ཧྭ་གློགeཁྱིམ”སོགས་སྟེགས་བུ་བེད་སྤྱོད་ཡག་པོ་བྱས་ཏེ། སློབ་བཤེར་བཅོས་གསུམ་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་བར་དགེ་མཚན་ལྡན་པའི་ཕན་འབྲས་ཐོབ་ཡོད།

    ལས་བཟོ་མང་ཚོགས་ཀྱིས་སེམས་ཁུར་དང་དོ་ཁུར་བྱེད་པའི་གླེང་མང་བའི་གནད་དོན་དང་དཀའ་གནད་ཐག་གཅོད་སྔར་བས་ཡག་པོ་བྱེད་ཆེད། ཧྭ་གློག་བོད་ལྗོངས་ཀུང་སིའི་ཏང་ཨུད་ཀྱིས“ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་འཐབ་ས་དང་པོར་སྐྱོད་པའི”བྱེད་སྒོ་ཏན་ཏིག་སྤེལ་ཞིང་། རིམ་ཁག་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིར་གཞི་རིམ་དང་འཐབ་ས་དང་པོར་སྐྱོད་དགོས་པའི་ལྕག་སྐུལ་བྱས་པ་དང་། ཁེ་ལས་འཕེལ་རྒྱས་དང་ལས་བཟོ་མང་ཚོགས་ཀྱི་བསམ་འདུན་དང་རེ་སྒུག་དུས་ཐོག་ཏུ་ཤེས་རྟོགས་བྱས་པ། གནད་དོན་དངོས་ཐག་གཅོད་དང་བསམ་བློའི་ཁྲིད་སྟོན་གཉིས་ཟུང་འབྲེལ་གྱིས་རིམ་པ་གཅིག་གིས་བསྒྲུབས་ནས་རིམ་པ་གཅིག་ལ་བསྟན་པ་དང་རིམ་པ་གཅིག་གིས་རིམ་པ་གཅིག་གི་སྣེ་ཁྲིད་ནས་བྱས་ཏེ། སློབ་སྦྱོང་དང་སློབ་གསོ་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད། བྱེད་སྒོ་སྤེལ་བའི་ཟླ་བ་གཉིས་རིང་གནད་དོན་དངོས་ཁག་40ལྷག་ཙམ་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་ཡོད། དེས་མ་ཚད་ཀུང་སིས་ད་དུང་གྲོང་སྡོད་འཐབ་ས་དང་པོར་ཏང་ཡོན་གྱི་རོགས་སྐྱོར་ཞབས་ཞུའི་རུ་ཁག་བཙུགས་ཏེ། བོད་ལུགས་ཤིང་བརྐོས་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་གཏོང་རོགས་དང་ཚོང་ལམ་རྒྱ་སྐྱེད་གཏོང་རོགས་བྱས་ཡོད། ད་ལོའི་ཟླ་3པའི་ཚུན་དུ་ཤིང་བརྐོས་ཐོན་ལས་ལས་ས་གནས་དེ་གའི་མང་ཚོགས་ལ་ཁེ་བཟང་སྒོར་ཁྲི་80བྱུང་བ་དང་རིམ་རྩིས་བརྒྱབ་ན་ཁེ་བཟང་སྒོར་ཁྲི་1900ཙམ་བྱུང་ཡོད།

    ཉེ་ཆར་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭའི་ཆེད་དོན་ཟུར་ཁྲིད་ཚོགས་འདུ་སྒྲིག་འཛུགས་བྱས་ཤིང་། སློབ་ཞུགས་མི་སྣས། རྣམ་འགྱུར་ཡང་དག་འཛིན་པ་དང་གནད་དོན་གྱི་གསལ་ཐོ་དང་བསྡུར་ཏེ་ཕྱོགས་ཡོངས་ནས་གསེད་བཀྲོལ་བྱེད་པ་མ་ཟད། རང་བཤེར་དང་སྙིང་གཏམ་ཤོད་རེས་སོགས་ཀྱི་བྱ་ཐབས་སྣ་ཚོགས་བརྒྱུད་མི་འདང་ས་འཚོལ་རྒྱུ་དང་། དཔེ་སྟོན་སྐུལ་ཁྲིད་དང་གོང་འོག་མཐུན་སྦྱོར་གྱིས་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་ནས་རང་ཉིད་ཀྱི་སློབ་སྦྱོང་སློབ་གསོ་ལེགས་པར་སྤེལ་བ་དང་། ལས་འགན་ཁག་དོན་འཁྱོལ་བྱེད་པར་སྤྱི་འདོམས་སྐུལ་འདེད་གཏོང་བ། མཉམ་སྦྱོང་མཉམ་སྤེལ་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་བཟོ་ཚོགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་ཅིག་སྐྲུན་པར་སྐུལ་འདེད་གཏོང་ཆེད་འགན་ལེན་བརྟན་པོ་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།