དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་རང་ལྗོངས་ཀྱི་སྨན་བཅོས་འགན་བཅོལ་ཐེབས་རྩ་དོ་དམ་གྱི་མངོན་གསལ་དོད་པའི་གནད་དོན་ཆེད་དོན་བཅོས་སྒྲིག་ལས་དོན་ཐད་སྐུལ་འདེད་བཏང་ཚུལ་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-06-20

    ཚེས་16ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་ཡིས་རུ་སྣེ་ཁྲིད་དེ་ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་དང་རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས་སུ་རང་ལྗོངས་ཀྱི་སྨན་བཅོས་འགན་བཅོལ་ཐེབས་རྩ་དོ་དམ་གྱི་མངོན་གསལ་དོད་པའི་གནད་དོན་ཆེད་དོན་བཅོས་སྒྲིག་ལས་དོན་ལ་བརྟག་ཞིབ་གནང་བར་ཕེབས་ཏེ། ལྷ་ས་གྲོང་ཁྱེར་གྱི“སྨན་བཅོས་འགན་བཅོལ་གྱི་མྱུར་བགྲོད་ལྕགས་ལམ”ཞེས་པའི་སྨན་བཅོས་དང་། སྨན་བཅོས་འགན་བཅོལ། སྨན་རྫས་བཅས་ལྟ་ཞིབ་ཚད་ལེན་གྱི་སྤྲིན་ཚོམ་ལས་སྟེགས་དང་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཆ་འཕྲིན་ལས་སྟེགས(བོད་ལྗོངས)འཁོར་སྐྱོད་གནས་ཚུལ་གཙོ་གནད་ཐོག་མཁྱེན་རྟོགས་གནང་བ་རེད།

    བརྟག་ཞིབ་ཚོགས་ཆུང་གིས་བླང་བྱ་བཏོན་དོན། སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་རང་ལྗོངས་ཀྱི་སྨན་བཅོས་འགན་སྲུང་བྱ་གཞག་འཕེལ་རྒྱས་ཀྱི་དགོས་མཁོ་དང་། ཉིན་བཞིན་རྒྱ་ཆེར་འགྲོ་བའི་མང་ཚོགས་ཀྱི་བདེ་ཐང་འགན་སྲུང་གི་དགོས་མཁོ། “ལོ་ལྔ་ཚན་བཅོ་ལྔ་པའི”སྨན་བཅོས་འགན་སྲུང་འཆར་འགོད་སོགས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལས་སྟེགས་ཀྱི་བྱེད་ནུས་རྒྱུན་ཆད་མེད་པར་ལེགས་གཏོང་རིམ་སྤོར་བྱེད་པ་དང་། ཆེད་སྒྲུབ་ཁུལ་དང་དཔེ་དུམ་འཛུགས་པ། རིག་ནུས་ལྟ་འདོམས་ཞིབ་དཔྱད་སྒྲིག་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། ཁུངས་སྣེ་ཤེས་རྟོགས་ཐག་གཅོད་ཀྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱེད་དགོས། ཆེད་དོན་བཅོས་སྒྲིག་གོ་སྐབས་སུ་བརྩིས་ནས་ལྟ་འདོམས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། སྒྲིག་སྲོལ་རང་བཞིན་གྱི་ལྟ་ཞིབ་ཚད་ལེན་དང“སྨན་བཅོས་དང་། སྨན་བཅོས་འགན་བཅོལ། སྨན་རྫས”བཅས་ཀྱི་མཐུན་སྦྱོར་གྲངས་གཞི་དབྱེ་ཞིབ་ཡག་པོ་བྱེད་པ། ཐར་པར་གཏན་ནས་མི་གཏོང་བའི་རྣམ་འགྱུར་ཐོག་ནས་སྨན་བཅོས་འགན་བཅོལ་ཐེབས་རྩ་དོ་དམ་གྱི་མངོན་གསལ་དོད་པའི་གནད་དོན་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་བཅས་བྱས་ནས་དུས་ཚོད་དང་མཚམས་ཚིག་ལྟར་བཅོས་སྒྲིག་གི་ལས་འགན་ཁག་གོ་རིམ་ལྡན་པའི་ངང་ལེགས་སྒྲུབ་བྱེད་དགོས། སྨན་བཅོས་འགན་བཅོལ་སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ཐོག་གོ་བདེ་ཤེས་སླའི་བྱེད་ཐབས་སྤྱད་ནས་དྲིལ་བསྒྲགས་ངོ་སྤྲོད་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ། སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས་མི་ཚང་མས་ཤེས་པར་བྱས་ནས་འགན་བཅོལ་ནང་ཞུགས་མཁན་གྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།