རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭ(སྲིད་འཛིན་སློབ་གླིང)ཡིས།
སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་ནས་སྤྱོད་ཚུལ་ལ་ཞུན་བརྡར་བྱས་པ།
ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་ཚུན། རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭ(སྲིད་འཛིན་སློབ་གླིང)ཡིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་སློབ་སྦྱོང་ཡག་པོ་བྱེད་པ་དང་། ཡག་པོ་ཤོད་པ། ཞིབ་འཇུག་དང་འགྲེལ་བཤད་ཡག་པོ་རྒྱག་པ་བཅས་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩི་རྒྱུ་མཐའ་འཁྱོངས་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱར་གཞིགས་པ། ཏང་གི་སློབ་གྲྭའི་ལས་བྱེད་པ་གསོ་སྦྱོང་དང་། བསམ་བློའི་ཁྲིད་སྟོན། རིགས་པའི་གཞུང་ལུགས་འཛུགས་སྐྱོང་བཅས་ཀྱི་འགན་འཁྲི་གཙོ་བོ་དང་ལས་སྒོ་གཙོ་བོར་གཞི་ཚུགས་ནས་ཏང་གི་སློབ་གྲྭའི་ཁོངས་གཏོགས་ཀྱི་ལས་བྱེད་པ་དང་ལས་བཟོ་ཚོས་ཏང་གཤིས་ལེགས་སུ་གཏོང་བ་དང་། སྒྲིག་ཁྲིམས་ནན་པོ་སྲུང་བ། སྤྱོད་ཚུལ་ནན་དུ་གཏོང་བ་བཅས་རྒྱུན་གཏན་དུ་འགྱུར་བར་ཁྲིད་སྟོན་བཅས་བྱས་ཏེ་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་བཏང་ཡོད།
ལས་བྱེད་པ་གསོ་སྦྱོང་ལ་དམ་འཛིན་ནན་པོ་བྱས་ཏེ་སྦྱོང་བརྡར་ལ་བརྟེན་ནས་མཐུན་རྐྱེན་སྦྱོར་བ་དང་འགན་འཁྲིར་སྐུལ་འདེད་བཏང་ཡོད། སློབ་སྦྱོང་སློབ་གསོ་སྤེལ་རིང་། རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭ(སྲིད་འཛིན་སློབ་གླིང)ཡིས“བཙན་ཞིང་ནན་པ་བཞི”ཡི་བླང་བྱ་དང་ཡང་ཡང་བསྡུར་ནས་གསོ་སྦྱོང་བྱ་ཡུལ་གཏན་འཁེལ་གནད་སྨིན་དང་། གསོ་སྦྱོང་གི་ནང་དོན་ཇུས་འགོད་ཞིབ་ཚགས། གསོ་སྦྱོང་བྱེད་ཐབས་གསར་གཏོད་ལེགས་གཏོང་། སློབ་ཁྲིད་སྤུས་ཚད་ཀྱི་འགག་སྒོ་ནན་པོར་སྲུང་བ་བཅས་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་གྱི་གསོ་སྦྱོང་ཕན་འབྲས་ཕྱོགས་ཡོངས་ནས་ཆེ་རུ་བཏང་ཡོད། ཉེན་བརྡ་གཏོང་བའི་སློབ་གསོ་དང་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་ཟུང་འབྲེལ་དམ་ཟབ་བྱས་ཏེ་སློབ་གྲྭར་ཡོད་པའི་སློབ་མ་300ལྷག་ཙམ་སྒྲིག་འཛུགས་བྱས་ཏེ“ཉེ་འགྲམ་གྱི་བྱ་བར་བརྟེན་ནས་ཉེ་འགྲམ་གྱི་མིར་སློབ་གསོ་གཏོང་བའི”རང་སྐྱོང་ལྗོངས་ཀྱི་སྲིད་གཙང་ཉེན་བརྡའི་སློབ་གསོའི་འགྲེམས་སྟོན་ལ་ལྟ་སྐོར་བྱས་པ་རེད།
“ནང་དུ་གདན་འདྲེན་དང་ཕྱིར་སྐྱོད་པའི”བྱེད་ཐབས་ལག་བསྟར་ཤུགས་ཆེན་བྱས་ཏེ་ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང)དང་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་སོགས་ཚན་པ་10ལྷག་ཙམ་གྱི་འགན་འཁུར་བ་དང་རིགས་གཅིག་མཁས་ཅན་གདན་འདྲེན་ཞུས་ནས་ཆེད་དོན་ཟུར་ཁྲིད་སྙན་ཞུ་བྱས་ཡོད། གསོ་སྦྱོང་གི་ཁྱབ་རྒྱ་ཆེ་རུ་བཏང་བ་མ་ཟད། “སློབ་ཚན་གཙོ་བོ་དང་ཡན་ལག་སློབ་ཚན”དང་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ་གྲོང་ཁྱེར་དང་རྫོང་གི་ཏང་གི་སློབ་གྲྭར་སློབ་གསོ་ཁྱབ་པར་བྱས་ནས་སློབ་སྦྱོང་སློབ་གསོ་གཞི་རིམ་དུ་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད།
ཚན་རིག་གི་རྩ་བའི་རིགས་པར་འགྲེལ་བཤད་གཏིང་ཟབ་བརྒྱབ་ནས་སྣེ་ཁྲིད་ཀྱི་རྣམ་པ་བཏོད་ཡོད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་གྱི་ཚན་རིག་གི་རྩ་བའི་རིགས་པའི་འགྲེལ་བཤད་ལ་དམིགས་ནས། སློབ་གྲྭའི(སློབ་གླིང)ཨུ་ལྷན་གྱི་སྣེ་ཁྲིད་ཀྱི་ནུས་པ་བཏོན་ཏེ་སྔོན་ལ་སློབ་སྦྱོང་དང་སློབ་སྦྱོང་གཏིང་ཟབ་བྱས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་གི་ནང་དོན་གཙོ་བོར་བརྩིས་པ་མ་ཟད། རིགས་གཅིག་མཁས་ཅན་གདན་འདྲེན་ཞུས་ནས་ཆེད་དོན་ཟུར་ཁྲིད་དང་སྣེ་ཁྲིད་དེ་གཞི་རིམ་དུ་བརྟག་ཞིབ་གཏིང་ཟབ་བྱས་ཏེ་ཏང་ཡོན་ལས་བྱེད་པར་ཚད་ཤིང་འཛུགས་པ་དང་མིག་དཔེ་བསྟན་ཡོད། སློབ་གྲྭའི(སློབ་གླིང)དྲ་ཕྱིར་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་གི་ཆེད་བསྒྲིགས་ལེ་ཚན་བཏོད་ནས་སློབ་སྦྱོང་གི་རྩོམ་ཡིག་དང་བརྙན་ལམ་བཏང་སྟེ་སློབ་སྦྱོང་གི་རྣམ་པ་འཁྲུག་ཏུ་བཏང་ཡོད། སློབ་དཔྱོད་ཀྱི་རྐང་འཛིན་པ་སྒྲིག་འཛུགས་བྱས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་གྱི་རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས་དང་ལག་ལེན་གྱི་བླང་བྱར་ཞིབ་འཇུག་གཏིང་ཟབ་དང་དུས་རབས་གསར་པའི་རྒྱལ་སྐྱོང་སྲིད་འཛིན་གྱི་ལག་ལེན་ལ་དམིགས་པ་མ་ཟད། རྒྱལ་ཁབ་བཅོས་སྐྱོང་དེང་རབས་ཅན་གྱི་མཐོ་ཚད་གལ་ཆེན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྨང་གཞིའི་རང་བཞིན་གྱི་འདུ་འགོད་སོགས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དུས་རབས་ཀྱི་རིན་ཐང་ལ་འགྲེལ་བཤད་བརྒྱབ་པ་དང་། ཚན་རིག་ཞིབ་འཇུག་བྱ་གཞི་ཁག་75དང་ཐབས་ཇུས་བློ་འདྲི་བྱ་གཞི་ཁག་17རེ་ཞུ་བྱས་ཡོད། རིག་གཞུང་ཚོགས་པ་5བཙུགས་པ་དང་གཙོ་གནད་མངགས་བཅོལ་གྱི་ཞིབ་འཇུག་བྱ་གཞི་5བཙུགས་ནས་ཆེད་དོན་ཞིབ་འཇུག་ལས་དོན་སྤེལ་ཡོད།
དྲིལ་བསྒྲགས་དང་སྒྲོག་འགྲེལ་རྒྱ་ཁྱབ་བྱས་ནས་གཞི་རིམ་དུ་གཏིང་ཟབ་བསྐྱོད་དེ་ཕན་འབྲས་ཆེ་རུ་བཏང་ཡོད། སློབ་གྲྭའི(སློབ་གླིང)ཨུ་ལྷན་གྱི་ཁོངས་མི་དང་ཏང་གི་ལོ་རྒྱུས་དང་ཏང་འཛུགས་སྐྱོང་གི་རིགས་གཅིག་མཁས་ཅན་28ཡོད་པའི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་ཚོགས་པ་བཙུགས་ནས་ལྗོངས་ཐད་གཏོགས་ལས་ཁུངས་དང་། ས་ཁུལ་དང་གྲོང་ཁྱེར། ཁེ་ལས། དགོན་སྡེ། སྡེ་ཁུལ། གྲོང་ལྷན་སོགས་ཚན་པ་180ལྷག་ཙམ་དུ་བསྐྱོད་དེ་སྒྲོག་འགྲེལ་བྱེད་སྒོ་ཐེངས་212སྤེལ་བས་མང་ཚོགས་མི་ཐེངས་ཁྲི་1.9ལྷག་ཙམ་ལ་ཕན་པ་ཐོབ་ཡོད། ས་ཁུལ་དང་ལས་རིགས་མི་འདྲ་བའི་ཁྱད་ཆོས་དང་ཟུང་འབྲེལ་དང་། སློབ་ཁྲིད་རྣམ་པའི་བྱེད་ཐབས་དེ་གྱོད་དཔེ་དྲངས་ནས་ཉེན་བརྡ་གཏོང་བ་དང་། ཕན་ཚུན་དྲི་ལན་འདེབས་པ། གཏམ་རྒྱུད་གླེང་བ་བཅས་དང་ཟུང་འབྲེལ་བྱེད་པ། སྒྲོག་འགྲེལ་གྱི་ཕན་འབྲས་ཆེ་རུ་གཏོང་བ། ལས་བྱེད་པ་དང་མང་ཚོགས་ལ་སློབ་གསོ་ཐེབས་པ་དང་སེམས་ལ་ངེས་པ་བཅས་བྱས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་གངས་ལྗོངས་ས་མཐོར་རྩ་བ་ཚུགས་པ་དང་ཁྱིམ་ཚང་ཀུན་གྱིས་ཤེས་པར་སྐུལ་འདེད་བཏང་ཡོད།
གྱོད་དཔེ་དྲངས་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བར་ཤུགས་སྣོན་བརྒྱབ་སྟེ་སྤྱོད་གཙང་དང་ཉེན་བརྡ་གཏོང་བའི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ཡོད། ལྗོངས་ཡོངས་ཀྱི་སློབ་སྦྱོང་སློབ་གསོར་ཞབས་འདེགས་ཞུས་ནས“ཉེ་འགྲམ་གྱི་བྱ་བར་བརྟེན་ནས་ཉེ་འགྲམ་གྱི་མིར་སློབ་གསོ་གཏོང་བའི”རང་སྐྱོང་ལྗོངས་ཀྱི་སྲིད་གཙང་ཉེན་བརྡའི་སློབ་གསོའི་འགྲེམས་སྟོན་མུ་མཐུད་ཡག་པོ་གཉེར་ཡོད། རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་དང་མཉམ་དུ་སློབ་གསོ་འགྲེམས་སྟོན་གྱི་ནང་དོན་དུས་ཐོག་ཏུ་གསར་བཟོ་བྱས་ཡོད། འགྲེལ་བཤད་པ་23ལ་སྔོན་ལ་གསོ་སྦྱོང་བྱས་ནས་ཆེད་དོན་གསོ་སྦྱོང་བྱས་ཡོད། སློབ་གསོའི་འགྲེམས་སྟོན་ཁང་གསར་དུ་བཟོ་བཅོས་རྒྱག་པ་དང་གློག་སྐས་སྒྲིག་སྦྱོར་དང་འགྲེལ་བཤད་མ་ལག་རིམ་སྤོར་བྱས་ནས་སྤུས་ཚད་མཐོ་བའི་འགྲེལ་བཤད་བྱས་ཡོད། ལྗོངས་ཡོངས་སུ་སློབ་སྦྱོང་སློབ་གསོ་སྤེལ་ཚུན། རིམ་རྩིས་བརྒྱབ་ན་ཚན་པ་200ལྷག་ཙམ་གྱི་ལྟ་སྐོར་ཐེངས་100ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་ལྟ་སྐོར་བྱེད་མཁན་ཏང་ཡོན་དང་ལས་བྱེད་པ་7700ལྷག་ཙམ་ཟིན་ཡོད།
(རྩོམ་ཡིག་མཁོ་འདོན་བྱེད་མཁན། བོད་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭ(སྲིད་འཛིན་སློབ་གླིང)སློབ་གྲྭ(སློབ་གླིང)ཨུ་ཡོན་ལྷན་ཁང)