དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱི་གཉིས་བཀུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་2025ལོའི་ཚང་འཛོམས་ཚོགས་འདུ་འཚོགས་པ།

    ལིའུ་ཅང་གིས་ཚོགས་འདུ་གཙོ་སྐྱོང་དང་གསུང་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-06-20

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཚེས་17ཉིན། རང་སྐྱོང་ལྗོངས་གཉིས་བཀུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་2025ལོའི་ཚང་འཛོམས་ཚོགས་འདུ་ཐེངས་དང་པོ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཉིས་བཀུར་ལས་དོན་ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར(རྫོང)གྱི་མིང་འདོགས་ཚོགས་ཆེན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ། 2024ལོའི་གཉིས་བཀུར་ལས་དོན་ལ་ཕྱོགས་སྡོམ་དང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་ནས་ད་ལོའི་ལས་འགན་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། རང་སྐྱོང་ལྗོངས་གཉིས་བཀུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ལིའུ་ཅང་གིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ་རེད།

    ཀྲའོ་ཕེང་དང་ལིའུ་ཀྲི་ཅུན་ཚོགས་འདུར་ཞུགས་པ་རེད།

    ལིའུ་ཅང་གིས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་གཉིས་བཀུར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱས་ནས་དམག་སྲིད་གཞི་གཅིག་དང་། དམག་དཔུང་དང་ས་གནས་མཉམ་ཤུགས། དམག་སྲིད་མཐུན་སྒྲིལ། དམག་དམངས་སེམས་མཐུན་བཅས་མཐའ་འཁྱོངས་བྱས་པས། རང་ལྗོངས་ཀྱི་གཉིས་བཀུར་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་ཡོད་ཅེས་གསུངས་པ་རེད།

    ལིའུ་ཅང་གིས་གཉིས་བཀུར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་བརྟེན་ནས་དུས་རབས་གསར་པའི་གཉིས་བཀུར་ལས་དོན་ལ་སྤྱི་འདོམས་མཐའ་འཁྱོངས་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས་ལྗོངས་ཡོངས་ཀྱི་གཉིས་བཀུར་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས། དམག་གྲབས་དམག་རྒྱག་ལ་ཞབས་འདེགས་ཞུ་རྒྱུར་དམིགས་ནས་དམག་བཀུར་དང་གཡུལ་སྐྱོར་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་དམག་དཔུང་གི་འཐབ་ནུས་ཆེ་རུ་གཏོང་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། ས་གནས་ཀྱི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ་མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་འབྲས་ཐོན་པ་བཅས་ཀྱི་སྒོ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་། མཐའ་བརྟན་མཐའ་དར་དང་དམངས་ཕྱུག་སོགས་ཐད་ནུས་པ་སྔར་བས་ཆེ་བ་འདོན་དགོས། དམག་དམངས་མཉམ་སྐྲུན་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། དམག་དཔུང་དང་ས་གནས་དབར་བྱ་བ་དངོས་སྒྲུབ་པའི“གསལ་ཐོ་གཉིས”ཀྱི་ལམ་ལུགས་དོན་འཁྱོལ་ཡག་པོ་བྱེད་པ། གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ། དཔོན་དམག་གི“དམག་ཞབས་ཐིམ་རྗེས་ཀྱི་བཀོད་སྒྲིག་དང་། ནང་མི་བཀོད་སྒྲིག བུ་ཕྲུག་གི་སློབ་གསོ”བཅས་ཀྱི་གནད་དོན་ལ་སེམས་ཁུར་བྱས་ནས་ཐག་གཅོད་བྱེད་པ། གཉིས་བཀུར་གྱི་དཔེ་བཟང་དང་དཔེ་མཚོན་དྲིལ་བསྒྲགས་ཤུགས་ཆེན་བཅས་བྱས་ཏེ། རྒྱལ་སྲུང་ལ་སེམས་ཁུར་དང་། དམག་དཔུང་ལ་དགའ་ཞེན། དམག་མིར་བརྩི་བཀུར་བཅས་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་ཟབ་མོ་སྔར་བས་གཏོད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།