ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2025ལོའི(རྒྱ་ཆེ)སློབ་སྦྱོང་ཚོགས་འདུ་ཐེངས་6པ་གཙོ་སྐྱོང་གནང་བ།
ཚེས་16ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2025ལོའི(རྒྱ་ཆེ)སློབ་སྦྱོང་ཚོགས་འདུ་ཐེངས་6པ་གཙོ་སྐྱོང་གནང་ཞིང་། སྒྲིག་འགལ་བཟའ་བཏུང་ལ་གཅིག་སྡུད་བཅོས་སྒྲིག་བྱ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ཏེ་ཚད་གཞི་དེ་བས་མཐོ་བ་དང་། བླང་བྱ་དེ་བས་ནན་པ། བྱེད་ཐབས་དེ་བས་ཏན་ཏིག་བཅས་ཀྱི་ཐོག་ནས་སྤྱོད་ཚུལ་འཛུགས་སྐྱོང་གཏིང་ཟབ་དང་ཏན་ཏིག་ཡོང་བར་མུ་མཐུད་སྐུལ་འདེད་བཏང་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཁོངས་མིས་སྤེལ་རེས་གཏམ་བཤད་གནང་བ་རེད།
ཡན་ཅིན་ཧའེ་ཡིས། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞིབ་ཕྲའི་བླང་བྱ་དང་གཅིག་གྱུར་ཏན་ཏིག་ཡོང་བར་བྱས་ཏེ། སེམས་ཐག་གཙང་བཅད་ཀྱིས་སྒྲིག་འགལ་བཟའ་བཏུང་གི་བྱེད་སྤྱོད་ངན་པ་ཡོ་བསྲང་བྱེད་པའི་ཏང་ཀྲུང་དབྱང་གི་ཆོད་སེམས་བརྟན་པོར་ངོས་འཛིན་བྱེད་ཚད་སྔར་བས་ཟབ་ཏུ་གཏོང་དགོས་ཤིང་། སྒྲིག་འགལ་བཟའ་བཏུང་བྱེད་རིགས་ལ་གཅིག་སྡུད་བཅོས་སྐྱོང་བྱ་རྒྱུ་དེ་ཏང་ནང་ཁུལ་གྱི་ཆབ་སྲིད་ཁོར་ཡུག་གཙང་མ་བཟོ་བའི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཚུལ་མིན་སྤྱོད་ངན་བཀག་འགོག་བྱེད་པའི་ཕན་འབྲས་དངོས་ལ་བརྟེན་ནས“གཏན་འཁེལ་གཉིས”ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་དང་ལྷག་པར་དུ་སྒྲིག་འགལ་བཟའ་བཏུང་བྱས་རིགས་ལ་གཅིག་བསྡུས་བཅོས་སྒྲིག་བྱེད་པ་གོ་སྐབས་སུ་བཟུང་སྟེ། གུང་ཁྲན་ཏང་ཡོན་གྱི་ཐོབ་ཐང་དང་པོ་དེ་བློ་ལ་བརྟན་པོར་ངེས་ནས་བསམ་བློའི་འགོག་སྲུང་འཛིང་རགས་སྲ་བརྟན་དུ་གཏོང་དགོས། སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་། སྒྲིག་ལམ་གྱི་འདུ་ཤེས། དམར་ཐིག་གི་འདུ་ཤེས་བཅས་ཟབ་ཏུ་བཏང་ནས་སྤྱོད་ཚུལ་གྱི་ཉེན་བརྡ་རྒྱུན་སྒྲོག་དང་སྒྲིག་ཁྲིམས་ཀྱི་རྩ་བ་དམ་པོར་བཟུང་སྟེ། སྒྲིག་ཁྲིམས་ནན་པོ་དེ་ནང་ཁུལ་དུ“ཚོར་སྣང་མེད་པའི་རྒྱུན་གཏན”གྱི་གཏམ་སྤྱོད་ཀྱི་ཚད་གཞིར་དངོས་འབྲེལ་འགྱུར་བ་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་རང་དཔེ་གཞན་སྟོན་གྱི་ཚད་ཤིང་ཕན་ནུས་མངོན་གསལ་དོད་དུ་གཏོང་བའི་ཁར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཁོངས་མིའི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། དོན་ཚན་རེ་རེ་ལ་གཤིབ་བསྡུར་བྱས་ནས་རང་བཤེར་རང་བཅོས་བྱེད་པ་དང་། གནད་དོན་ལ་ཐད་ཀར་གདོང་གཏུག་ཕོད་པ་དང་འཛེམ་བག་མེད་པར་དམར་འདོན་བྱེད་པ། གྲི་དངོ་རང་གཏད་དང་སྐྱོན་འདོན་ཕོད་པ་བཅས་བྱེད་དགོས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་དང་ལས་ཁུངས་ཀྱི་ཏང་ཙུའུ་ཡིས་རྩ་འཛུགས་མཐུན་སྦྱོར་གྱི་སྤྱི་ཡོངས་ཀྱི་ཕན་ནུས་འབུར་དུ་ཐོན་པར་བྱེད་པ་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་མཐའ་གཅིག་ཏུ་བྱེད་པ།“གལ་ཆེན་གསུམ་དང་ཆེན་པོ་གཅིག”དོན་དག་གི་ཐུན་མོང་ཐབས་ཇུས་ལམ་སྲོལ་དོན་འཁྱོལ་ནན་པོ་བཅས་བྱས་ཏེ། སྒྲིག་འགལ་བཟའ་བཏུང་བྱེད་རིགས་གཅིག་སྡུད་བཅོས་སྒྲིག་བྱ་རྒྱུ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་སྒྲུབ་པར་བརྩིས་ནས། རྒྱུན་ལྡན་སློབ་གསོའི་ལྟ་སྐུལ་དོ་དམ་དངོས་སྒྲུབ་པ་དང་ཞིབ་ཕྲ་བྱེད་པར་སྐུལ་འདེད་གཏོང་དགོས། མི་དམངས་འཐུས་ཚོགས་ལས་ཁུངས་ཀྱིས་འགན་འཁུར་དང་བྱས་རྗེས་འཇོག་པའི་བྱ་སྤྱོད་ཕྱོགས་སྟོན་འབུར་དུ་ཐོན་པར་བྱེད་པ་དང་། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། ཡང་དག་པའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་ཁོང་དུ་ཆུད་པ། དྲ་བ་དང་། སྐད་འཕྲིན། ཚགས་པར། བརྙན་ལམ་བཅས་ཀྱི་གཞི་རྟེན་ནུས་པ་འདོན་པ། དཔེ་མཚོན་དང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་པ། དར་སྲོལ་གསར་པ་འཛུགས་པ་བཅས་བྱས་ནས་གཅིག་སྡུད་བཅོས་སྐྱོང་གི་རྣམ་པ་ཟབ་མོ་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།