དབང་ཧའེ་ཀྲོའུ་ཡིས་རིག་གནས་རྒྱུན་འཛིན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བཀོད་སྒྲིག་ཚོགས་འདུ་གཙོ་སྐྱོང་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་རིག་གནས་རྒྱུན་འཛིན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བཀོད་སྒྲིག་ཚོགས་འདུ་གཙོ་སྐྱོང་གནང་ནས། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་བཀྲམ་པའི《རིག་གནས་རྒྱུན་འཛིན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་དང་། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ལས་ཀའི་བྱེད་ཐབས་ལ་ཞིབ་འཇུག་དང་གྲོས་ཞིབ་གནང་བ་མ་ཟད། གོམ་སྟབས་རྗེས་མའི་གཙོ་གནད་ལས་དོན་ལ་བཀོད་སྒྲིག་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག འབྲེལ་ཡོད་ཚན་པ་ཁག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་མཐའ་གཅིག་ཏུ་ལག་ལེན་བསྟར་ཏེ། “ཟུང་འབྲེལ་གཉིས”ཀྱི་བསམ་བློའི་གོ་དོན་དང་ཚན་རིག་གི་སྙིང་དོན་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ་དང་། ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་རྒྱུན་མཐུད་ཀྱིས་ལས་ཀའི་དམིགས་ཚད་ཁ་གསལ་བཟོ་བ་དང་། གཙོ་གནད་ལས་འགན་ཞིབ་བཟོ། དངོས་སྒྲུབ་བྱེད་ཐབས་སྤྱོད་པ་བཅས་དེ་བས་ལྷག་པ་བྱས་ཏེ། རིག་གནས་རྒྱུན་འཛིན་འཕེལ་རྒྱས་ལ་གསར་གཏོད་དང་སྐུལ་འདེད་གཏོང་བར་ཚད་བརྒལ་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་པར་བྱེད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། སྤྱི་འདོམས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ལས་དོན་དང་ཟུང་འབྲེལ་ཡག་པོ་བྱེད་པ། ལྷག་པའི་དཀའ་གནད་དང་གནད་དོན་ལ་དམིགས་ནས་དུས་ཐོག་ཏུ་ཐག་གཅོད་ཇུས་གཞི་འདོན་པ་བཅས་བྱས་ཏེ། ལས་ཀ་དོན་འཁྱོལ་བྱེད་པའི་རྣམ་པ་བཟང་པོ་ཆགས་པར་བྱེད་དགོས། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་རྒྱུན་མཐུད་ལ་དམ་འཛིན་ནན་པོ་གཏིང་ཟབ་བྱས་ཏེ། རིག་གནས་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། རིག་གནས་ཤེས་ལྡན་པ་གསོ་སྐྱོང་དང་གྲབས་གསོག་གི་ལམ་སྲོལ་གསར་པ་དང་བྱེད་སྟངས་གསར་པ་འཐུས་སྒོ་ཚང་དུ་བཏང་ནས། རིག་གནས་རྒྱུན་འཛིན་འཕེལ་རྒྱས་ཆེད་འདེགས་སྐྱོར་ནུས་ལྡན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།