དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ཁྲེང་ཏུའུ་རུ་བཅའ་སྡོད་ཤང་ཀང་དཔལ་འབྱོར་ཚོང་དོན་དོན་གཅོད་ཁྲུའུ་ཡི་ཀྲུའུ་རེན་ཡོན་ཅཱ་ནོའུ་དང་བཅས་པར་མཇལ་འཕྲད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-17

    ཉིན་ཤས་གོང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲའོ་ཕེང་གིས་ལྷ་སར་ཁྲེང་ཏུའུ་རུ་བཅའ་སྡོད་ཤང་ཀང་དཔལ་འབྱོར་ཚོང་དོན་དོན་གཅོད་ཁྲུའུ་ཡི་ཀྲུའུ་རེན་ཡོན་ཅཱ་ནོའུ་དང་བཅས་པར་མཇལ་འཕྲད་གནང་བ་རེད།

    ཀྲའོ་ཕེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཡོན་ཅཱ་ནོའུ་དང་བཅས་པ་བོད་དུ་འཚམས་འདྲིར་ཕེབས་པར་ལྷག་བསམ་ཟོལ་མེད་ཀྱིས་དགའ་བསུ་ཞུས་པ་མ་ཟད། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་ཀྱང་གནང་བ་རེད། ཁོང་གིས། ཡོན་ཅཱ་ནོའུ་དང་བཅས་པས་སྤུན་ཟླ་ཤང་ཀང་བ་དང་ཤང་ཀང་གི་ཁེ་ལས་ལ་བོད་ལྗོངས་དྲིལ་བསྒྲགས་དང་ངོ་སྤྲོད་མང་ཙམ་བྱས་ཏེ། ཤང་ཀང་གི་གཞོན་ནུ་ལོ་ཆུང་དེ་བས་མང་བས་བོད་ཀྱི་རིག་གནས་རྒྱུས་མངའ་ལོན་པར་བྱས་ནས་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་དང་། རིག་གནས། ཡུལ་སྐོར། ཁྱད་ལྡན་ཐོན་ལས་སོགས་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་སྔར་བས་སྐུལ་འདེད་གཏོང་བ་དང་ས་གནས་གཉིས་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།