བསོད་ནམས་ཉི་མས་ཉིང་ཁྲིར་བརྟག་ཞིབ་གནང་བ།
ཚེས་11ཉིན་ནས་ཚེས་14ཉིན་བར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བསོད་ནམས་ཉི་མས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་དང་། སྤོ་བོ་རྫོང་། རྫ་ཡུལ་རྫོང་བཅས་སུ་བརྟག་ཞིབ་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོའི་གུས་མཇལ་དང་ལེན་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གནང་བ་དང་། ཆོས་ལུགས་ལས་རིགས་ཀྱི“འདུ་ཤེས་གསུམ”གྱི་སློབ་གསོ་དང་། དགོན་སྡེ་དོ་དམ། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་སོགས་ཀྱི་ལས་དོན་སྤེལ་ཚུལ་སྐོར་ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་བ་རེད།
བསོད་ནམས་ཉི་མས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་གཟིགས་རྒྱང་རིང་བ་དང་། ནང་དོན་ཕུན་སུམ་ཚོགས་པ། མཁྱེན་རྒྱ་ཡངས་པ་བཅས་ཡིན་པས། ང་ཚོས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། ཆོས་ལུགས་ལས་དོན་གྱི་འགན་འཁྲི་དོན་འཁྱོལ་ནན་ཏན་བཅས་བྱས་ནས་དུས་རབས་གསར་པའི་ཆོས་ལུགས་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།
བསོད་ནམས་ཉི་མས་ནན་བཤད་གནང་དོན། “འདུ་ཤེས་གསུམ”གྱི་སློབ་གསོའི་ཕན་འབྲས་དང་ཆོས་ཉིད་ལ་ཕྱོགས་སྡོམ་བྱས་ནས། སྤྱོད་གོ་ཆོད་པའི་ཉམས་མྱོང་དང་བྱེད་སྟངས་དེ་དག་ལམ་ལུགས་ཀྱི་གཏན་འབེབས་སུ་བསྒྱུར་ཏེ་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། ཆོས་ལུགས་ལས་དོན་བཅོས་སྐྱོང་ལ་ཁྲིམས་ལྟར་ཤུཌ་སྣོན་བརྒྱབ་ནས། དགོན་སྡེ་དོ་དམ་ཚད་ལྡན་ཅན་དང་། ཞིབ་ཚཌ་ཅན། ལམ་ལུཌ་ཅན་བཅས་སུ་སྐུལ་འདེད་ཏན་ཏིག་གཏོང་དགོས། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་ཕྱོགས་ཡོངས་ནས་ཆོས་ལུགས་ལས་དོན་ནན་པོས་སྐྱོང་བར་ཁྲིད་སྟོན་བྱས་ཏེ། ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་གསོ་སྐྱོང་ལ་ཤུཌ་སྣོན་བརྒྱབ་ནས་སྦྲེལ་ཟམ་དང་སྒྲོག་ཐག་གི་ནུས་པ་ཡག་པོ་འདོན་པར་སྐུལ་འདེད་གཏོང་དགོས།