དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ལྗོངས་ཡོངས་ཀྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལས་དོན་གྱི་གྲུབ་འབྲས་འགྲེམས་སྟོན་བྱེད་སྒོ་ནག་ཆུར་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-06-16

    ཉེ་ཆར། ལྗོངས་ཡོངས་ཀྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལས་དོན་གྱི་གྲུབ་འབྲས་འགྲེམས་སྟོན་བྱེད་སྒོ་ནག་ཆུར་སྤེལ་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཞུགས་པ་མ་ཟད། ནག་ཆུ་དང་གཞིས་རྩེའི་རྫོང་དང་ཆུས་སུ་ཕེབས་ནས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་ལས་དོན་སྤེལ་ཚུལ་དང་། གཞི་རིམ་གྱི་རིག་གནས་འཛུགས་སྐྱོང་བྱས་ཚུལ། དེ་བཞིན་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སོགས་ལ་བརྟག་ཞིབ་གནང་བ་རེད།

    དབང་ཧའེ་ཀྲོའུ་དང་བཅས་པ་དང་ཐོག་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱི་སྐྱེ་ཁམས་བར་ཁྱམས་དང་གྲོང་ཁྱེར་སློབ་ཆུང་གསུམ་པ་སོགས་སུ་ཕེབས་ནས་ས་གནས་ས་ཐོག་ཏུ་ཤེས་དཔལ་ལག་ལེན་གྱི་བྱེད་སྒོའི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་པ་དང་། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས། དེ་བཞིན་དགེ་སློབ་དང་སྤེལ་རེས་ཀྱང་གནང་བ་རེད། ཁོང་གིས། གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་གང་ལེགས་འདོན་པ་དང་། སྐར་གསོག་ལམ་ལུགས་ཀྱི་ཟོག་བརྗེས་སོགས་ལྕག་སྐུལ་ལམ་ལུགས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། བྱེད་ཐབས་བཟང་པོ་དང་སྤུས་རྟགས་ཡག་པོ་ཕྱོགས་སྡོམ་དང་ཁྱབ་གདལ་གཏོང་བ་བཅས་བྱས་ནས“བདག་གིས་གཞན་ལ་ཕན་འགྱུར་ན། གཞན་གྱིས་བདག་ལ་ཕན་པར་ངེས”ཞེས་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་ཞེས་གསུངས་པ་རེད།

    ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་དུ་གསེར་གླིང་མཚོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་གཞི་རིམ་རིག་གནས་འཛུགས་སྐྱོང་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་སྐབས། དབང་ཧའེ་ཀྲོའུ་ཡིས། ཆུ་དཔོན་དང་མཚེའུ་དཔོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཚན་རིག་ཅན་གྱི་ལྟ་ཞིབ་ཚད་ལེན་དང་རྒྱུན་རྣམ་ཅན་གྱི་སྐོར་སྲུང་དོ་དམ་ཟུང་དུ་འབྲེལ་ཏེ། རང་བྱུང་སྐྱེ་ཁམས་སྲུང་སྐྱོང་ལྟེ་བའི་ཁུལ་དང་ལྷག་དོན་དུ་ཆ་རྐྱེན་དཀའ་ཚེགས་ཆེ་ཁུལ་གྱི་མང་ཚོགས་གནས་སྤོ་བྱ་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱེད་དགོས་པ། གསེར་གླིང་མཚོ་དང་ཁྲུང་ཁྲུང་སྐེ་ནག་སོགས་སྐྱེ་ཁམས་ཐོན་ཁུངས་ཀྱི་ནང་དོན་མངོན་གསལ་དོད་དུ་གཏོང་བ་དང་། དལ་བའི་ཐད་གཏོང་སོགས་ཀྱི་འགྲེམས་སྟོན་ལས་སྟེགས་བཏོད་དེ་ཚན་ཞིབ་དང་། ཞིབ་སྦྱོང་། པར་རྒྱག་སོགས་ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་ལས་འཁོར་འབྲེལ་བཏོད་ནས་རྫོང་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་རྒྱ་ཆེར་གཏོང་དགོས་ཞེས་མཛུབ་སྟོན་གནང་བ་རེད།

    གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་དུ་བརྟག་ཞིབ་གནང་སྐབས། དབང་ཧའེ་ཀྲོའུ་ཡིས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ། སྲིད་ཇུས་སྒྲོག་འགྲེལ་དང་། གླེང་ཕྱོགས་དྲིལ་བསྒྲགས། ཤེས་དཔལ་ལག་ལེན། རིག་གནས་དམངས་ཕན་སོགས་ཀྱི་ལས་དོན་ཡག་པོ་སྒྲུབས་ཏེ། དྲིལ་བསྒྲགས་སློབ་གསོར་བརྟེན་ནས་མང་ཚོགས་ལ་ཁྲིད་སྟོན་དང་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ཤར་གཏོང་ཐུབ་པར་བྱེད་དགོས། རིག་གནས་ཤུལ་བཞག་གི་སྲུང་སྐྱོང་རྒྱུན་འཛིན་དང་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་པ་དང་། གྲངས་འཛིན་ཅན་གྱི་སྲུང་སྐྱོང་དང་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་བཏང་སྟེ་མ་གྲངས་མཐིལ་རྟོགས་དང་འགན་ལེན་བྱེད་དགོས་རིགས་ཆ་ཚང་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།