ལིའུ་ཅང་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་འགོ་ཁྲིད་ལས་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་འཚོག་པའི་མཛད་སྒོར་ཞུགས་པ།
ཚེས་13ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་འགོ་ཁྲིད་ལས་བྱེད་པས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ་ཕྱོགས་ཡོངས་ནས་འགན་འཁྲི་སྒྲུབ་པ་དང་ཐེག་པ་ཁུར་ལེན་བྱེད་ཕོད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་འཚོག་པའི་མཛད་སྒོར་ཞུགས་པ་དང་འབྲེལ་ཆེད་དོན་ཟུར་ཁྲིད་ཀྱང་གནང་བ་རེད། ཁོང་གིས་སྤྱོད་ཚུལ་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་འགོ་ཁྲིད་ལས་བྱེད་པས་འགན་འཁྲི་སྒྲུབ་པ་དང་ཐེག་པ་ཁུར་ལེན་བྱེད་དགོས་པའི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། “དོན་ཆེན་བཞིར”དམིཌ་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། གཞོམ་མེད་ངང་འགན་འཁྲི་འཁུར་བ་དང་ཕྱོགས་ཡོངས་ནས་འགན་འཁྲི་སྒྲུབ་པ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་ནུས་ཤུགས་ཡོད་རྒུས་འདེགས་སྐྱོར་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཀྲུའུ་ཧྲོའུ་ཁོའོ་ཡིས་གཙོ་སྐྱོང་གནང་བ་དང་ཚེ་བརྟན་ཞུགས་པ་རེད།
སྐབས་འདིའི་བགྲོ་གླེང་འཛིན་གྲྭའི་ལས་འགན་གཙོ་བོ་ནི་སྤྱོད་ཚུལ་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་འགོ་ཁྲིད་ལས་བྱེད་པས་འགན་འཁྲི་སྒྲུབ་པ་དང་ཐེག་པ་ཁུར་ལེན་བྱེད་དགོས་པའི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་ཀྲུང་དབྱང་གི་སྲིད་ཁྲིམས་འགོ་ཁྲིད་ལས་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ། ལྗོངས་ཡོངས་ཀྱི་སྲིད་ཁྲིམས་འཐབ་ཕྱོགས་སྐུལ་སློང་བྱས་ནས་སྤྱོད་ཚུལ་རྒྱུན་མཐུད་ལེགས་སུ་གཏོང་བ་བཅས་བྱས་ཏེ། འགན་འཁྲི་འཁུར་སེམས་ནན་པོར་བརྟེན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།
ལིའུ་ཅང་གིས་ནན་བཤད་གནང་དོན། འགོ་ཁྲིད་ལས་བྱེད་པས་འགན་འཁྲི་སྒྲུབ་པ་དང་ཐེག་པ་ཁུར་ལེན་བྱེད་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་ང་ཚོར་འགན་སྒྲུབ་འགན་འཁུར་གྱི་ཕྱོགས་བསྡུས་གནས་ཚད་གཏན་འཁེལ་བྱས་པ་དང་གཞི་རྩའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ཏེ། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ་དང་། སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་འགན་ལེན་བྱེད་པ། སྤྱི་ཚོགས་དྲང་གཞག་དྲང་བདེན་ལ་སྐུལ་འདེད་གཏོང་བ། མི་དམངས་བདེ་སྡོད་ལས་བརྩོན་འགན་ལེན་བྱེད་པ་བཅས་ཀྱི་འགན་འཁྲི་དང་ལས་འགན་ནན་ཏན་བསྒྲུབས་ནས། ཏང་དང་མི་དམངས་ཀྱི་ཟོལ་མེད་ཀྱི་སྲུང་སྐྱོང་པ་ཡག་པོ་བྱེད་དགོས།
ལིའུ་ཅང་གིས་བླང་བྱ་བཏོན་དོན། ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་ཏང་ལ་མཐའ་གཅིག་ཏུ་ལྷག་བསམ་རྣམ་དག་བྱེད་པའི་བློ་དཀར་གྱི་ཉེན་རྟོག་པའི་བླ་སྲོག་བཏོད་ནས“གྲི་ཡུ”ཏང་དང་མི་དམངས་ཀྱི་ལག་ཏུ་དམ་པོར་འཛིན་ཐུབ་པའི་འགན་ལེན་བྱེད་དགོས། དུས་བབ་སྟངས་འཛིན་གྱི་ནུས་པ་ཆེ་རུ་བཏང་སྟེ་རང་རྟོགས་ངང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་འདེགས་སྐྱོར་བྱ་རྒྱུ་དེ་ལས་འགན་ཆེ་ཤོས་དང་འགན་འཁྲི་ཆེ་ཤོས་སུ་བརྩི་དགོས། འཐབ་རྩོད་ཀྱི་ནུས་པ་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས། ཉེན་ཁ་དོ་དམ་ཚོད་འཛིན་བྱེད་ནུས་ཆེ་རུ་བཏང་སྟེ་སྤྱི་ཚོགས་བརྟན་ལྷིང་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས། ཁྲིམས་སྒྱུར་དང་ཁྲིམས་འཛིན་ནུས་པ་ཆེ་རུ་གཏོང་བ་དང་སྤྱི་ཚོགས་དྲང་གཞག་དྲང་བདེན་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་ཏེ། “འཛུགས་གཏོད་བཞིར”ཞབས་ཞུ་དང་འགན་ལེན་བྱེད་དགོས། སྤྱོད་གཙང་རང་འདོམས་ཀྱི་ནུས་པ་ཆེ་རུ་བཏང་སྟེ་སྤྱོད་ཚུལ་བཟང་པོ་དང་ཕུལ་བྱུང་གྲུབ་འབྲས་ལ་བརྟེན་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་བསུ་བ་ཞུ་དགོས།