དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ནི་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པའི་བཀོད་འདོམས་དབྱུག་པ་དང་བརྡ་རྟགས་གློག་སྒྲོན་ཞིག་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-06-15

    ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བཏོན་གནང་བ་དེ་ནི་འོད་ཟེར་འཕྲོ་བའི་ལམ་སྟོན་སྒྲོན་མེ་དང་འདྲ་བར་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་རྒྱང་ལམ་ལ་གསལ་ལེར་འཕྲོས་པ་དེར་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་རིན་ཐང་གལ་ཆེན་ལྡན་ཡོད། འདུ་ཤེས་འདིས་རང་རྒྱལ་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ནང་མངོན་གསལ་དོད་པའི་འགལ་ཟླ་དང་གནད་དོན་ལ་གནད་ལ་འཁེལ་པོས་དམིགས་པ་དེ་ནི་དཀའ་གནད་སེལ་བ་དང་། སྒུལ་ཤུགས་འཕེལ་བ། ལེགས་ཆ་ཟབ་གཏོད་བཅས་བྱེད་པའི་འགག་རྩའི་གསང་ལྡེ་ཞིག་རེད། གསར་གཏོད་བྱེད་སྐབས་འཕེལ་རྒྱས་ཀྱི་སྒུལ་ཤུགས་རུབ་སྡུད་བྱེད་པ་དང་། མཐུན་སྦྱོར་བྱེད་སྐབས་འཕེལ་རྒྱས་ཀྱི་དོ་མཉམ་ལ་དམིགས་པ། ལྗང་མདོག་སྐྲུན་སྐབས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བའི་ནན་བཤད་བྱེད་པ། སྒོ་འབྱེད་བྱེད་སྐབས་ཕྱི་ནང་མཉམ་འགུལ་ལ་སྣང་ཆེན་བྱེད་པ། མཉམ་སྤྱོད་བྱེད་སྐབས་སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་མངོན་གསལ་དོད་པོ་ཡོང་བ་བཅས་བྱེད་ཀྱི་ཡོད། དེས་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོའི་འགྱུར་ལྡོག་ལ་དམ་པོར་དམིགས་ནས་འཕེལ་རྒྱས་ཀྱི་འགག་རྩའི་གནད་དོན་མང་པོ་ཞིག་ལ་བརྒྱུད་རིམ་ལྡན་པའི་ངང་ལན་བརྒྱབ་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚན་རིག་དང་མཐུན་པའི་ཁྲིད་སྟོན་བྱེད་ཀྱི་ཡོད།

    དུས་རབས་གསར་པ་ཤར་ཚུན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པས་རང་རྒྱལ་འཕེལ་རྒྱས་ཀྱི་སྤྱི་ཡོངས་འགྱུར་ལྡོག་ཟབ་མོ་ཡོང་བར་སྣེ་ཁྲིད་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཟམ་མི་ཆད་པར་བཏང་ཡོད། གསར་གཏོད་འཕེལ་རྒྱས་ལ་གྲུབ་འབྲས་མི་དམན་པ་ཐོབ་ཡོད་ཅིང་། “མཁའ་འདྲི་ཨང་དང་པོ”རྟགས་ཅན་གྱི་སྐར་མ་མིག་དམར་གྱི་འཚོལ་ཞིབ་ཡོ་བྱད་དང་། “འབད་འཐབ་པ”རྟགས་ཅན་གྱི་མཱ་ལི་ཡཱ་ནཱ་མཚོ་འོག་གྲོག་ཤུར་དུ་གཏིང་འཛུལ་གྲུ་གཟིངས། 5Gདང་མི་ཐབས་རིག་ནུས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བ་སོགས་གསར་གཏོད་ལ་བརྟེན་པ་དེ་ནི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་ཆེན་པོར་གྱུར་ཏེ་རང་རྒྱལ་འདི་ཉིད་བཟོ་སྐྲུན་རྒྱལ་ཁབ་ཆེན་པོ་ནས་བཟོ་སྐྲུན་རྒྱལ་ཁབ་སྟོབས་ཆེན་བར་གོམ་པ་སྤོ་རྒྱུར་རམ་འདེགས་བྱས་ཡོད། མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་སྤེལ་བརྟན་པོ་བཏང་ཞིང་། གྲོང་གསེབ་དར་རྒྱས་འཐབ་ཇུས་ཀྱི་རྩ་བ་ཚུགས་ནས་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཧེ་བག་རྒྱུན་མཐུད་ཆུང་དུ་ཕྱིན་པ་དང་། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་དང་། འབྲི་ཆུའི་དཔལ་འབྱོར་ཁུལ་འཛུགས་སྐྲུན། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་འཕེལ་རྒྱས་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་གོ་རིམ་ལྡན་པའི་ངང་ལག་ལེན་བསྟར་ནས། ས་གནས་ཁག་གི་ལེགས་ཆ་གསབ་རེས་བྱས་པས་རྒྱལ་ཡོངས་བསམ་ཇུས་གཅིག་གི་བཀོད་པ་སྔར་བས་ཁ་གསལ་དུ་ཕྱིན་ཡོད། ལྗང་མདོག་འཕེལ་རྒྱས་མི་སེམས་སུ་ཟབ་མོ་ཟུག་ཅིང་། སྐྱེ་ཁམས་སྔོན་ལ་འཇོག་པའི་ལམ་བུར་བློ་བརྟན་འགྱུར་མེད་ངང་བསྐྱོད་དེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། ས་གནས་ཁག་གིས“རི་གཉིས”ཀྱི་འདུ་ཤེས་ལག་ལེན་བསྟར་ཏེ་ལྗང་མདོག་ཐོན་ལས་འཕེལ་རྒྱས་བཏང་བར་སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་གཉིས་ཀར་ཕན་འབྲས་ཐོན་ཏེ་ལྗང་མདོག་དེ་ཉིད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བཀྲག་མདངས་འཚེར་བའི་མིང་བྱང་ཞིག་ཏུ་གྱུར་ཡོད། སྒོ་དབྱེ་འཕེལ་རྒྱས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་ཞིང་། “རྒྱུད་གཅིག་ལམ་གཅིག”གཙོ་གནད་དུ་བྱས་ཏེ། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་ཧུར་ཐག་བཏོད་ཡོད། རང་མོས་ཚོང་དོན་ཁུལ་རྒྱ་བསྐྱེད་དུ་བཏང་ནས་ནང་འདྲེན་དངོས་མང་སྟོན་ཚོགས་དང་ཞབས་ཞུའི་ཚོང་དོན་ཚོང་འདུས་སོགས་འདུ་ཚོགས་གཟབ་རྒྱས་གཉེར་བས་ཀྲུང་གོ་དང་འཛམ་གླིང་གི་དཔལ་འབྱོར་འབྲེལ་བ་ཇེ་ཟབ་ཏུ་ཕྱིན་ནས་གོ་ལ་ཧྲིལ་པོའི་མཉམ་ལས་འགྲན་རྩོད་ཁྲོད་ཀྱི་ནུས་པ་མངོན་གསལ་དོད་དུ་སོང་ཡོད།

    འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ནི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ནས་ལས་དོན་ཁག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ཏེ་གོ་རིམ་ལྡན་པའི་ངང་སྤེལ་བའི་བཀོད་འདོམས་དབྱུག་པ་ཞིག་ཡིན་ལ། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་འགན་སྲུང་བྱས་ཏེ་འཕེལ་རྒྱས་ཀྱི་མཚམས་ཐིག་དང་སྟོན་ཕྱོགས་ཁ་གསལ་བཟོ་བའི་བརྡ་རྟགས་གློག་སྒྲོན་ཞིག་ཀྱང་རེད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པའི་རྒྱང་ལམ་གསར་པར། ང་ཚོས་བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་ནས་དེ་ཉིད་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཁག་དང་བརྒྱུད་རིམ་ཁག་ལ་ཁྱབ་པར་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པའི་སྣེ་ཁྲིད་འོག་ང་ཚོས་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བཏོད་དེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་དང་། མི་དམངས་ཡོངས་ཀྱིས་རྒྱལ་ཁབ་འཕེལ་རྒྱས་ཀྱི་གཡུར་ཟའི་གྲུབ་འབྲས་མཉམ་སྤྱོད་ཐུབ་ནས་ཐུན་མོང་འབྱོར་ཕྱུག་གི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་གོམ་པ་བརྟན་པོས་མདུན་སྐྱོད་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།