དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-14

    གྲོན་ཆུང་བསྲི་ཚགས་དང་། འཕྲོ་བརླག་ལ་ངོ་རྒོལ། རྒྱུན་སྲིང་ལྷོད་མེད་ཀྱིས་སྒྲིག་འགལ་ངང་བཟའ་བཏུང་བྱེད་པར་གཅིག་སྡུད་བཅོས་སྒྲིག་བཅས་བྱས་ཏེ་སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་ཁོར་ཡུག་རྒྱུན་མཐུད་བརྟན་དུ་གཏོང་དགོས།

    ཟླ་6ཚེས་11ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རིཌ་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བའི་སྐོར་གྱི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་གི་བླང་བྱ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པར་སློབ་སྦྱོང་གནང་ཞིང་། ཁོང་གིས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་ནན་ཏན། གྲོན་ཆུང་བསྲི་ཚགས་དང་། འཕྲོ་བརླག་ལ་ངོ་རྒོལ། རྒྱུན་སྲིང་ལྷོད་མེད་ཀྱིས་སྒྲིག་འགལ་ངང་བཟའ་བཏུང་བྱེད་པར་གཅིག་སྡུད་བཅོས་སྒྲིག་བཅས་བྱས་ཏེ་སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་ཁོར་ཡུག་རྒྱུན་མཐུད་བརྟན་དུ་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཆེད་སྤྱོད་ཚུལ་གྱི་འགན་ལེན་བརྟན་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཚོགས་འདུར་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཀྲམ་པ་དང་བཟོ་བཅོས་བརྒྱབ་རྗེས་ཀྱི《ཏང་སྲིད་ལས་ཁུངས་ཀྱིས་གྲོན་ཆུང་བསྲི་ཚགས་བྱས་ནས་འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི་སྲོལ་ཡིག》དང་། ཀྲུང་དབྱང་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་དང་ཀྲུང་དབྱང་རིམ་ངོས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ལས་དོན་གྱི་ཆེད་དོན་ཚན་ཁག ཏང་ཡོན་ལས་བྱེད་པས་སྒྲིག་འགལ་བཟའ་བཏུང་བྱེད་པ་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་ཚབས་ཆེན་འགལ་བའི་དཔེ་མཚོན་གནད་དོན་གཉིས་སྐོར་གྱི་ཀྲུང་དབྱང་སྒྲིག་ཨུད་གཞུང་དོན་ཐིང་གི་བརྡ་ཁྱབ་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་གཏིང་ཟབ་བྱས་པ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱེད་པ་དང་། ནན་པའི་རྩ་བའི་དགོངས་གཞི་དང་། ནན་པའི་བྱ་ཐབས། ནན་པའི་རྣམ་པ་བཅས་ཡུན་རིང་མཐའ་འཁྱོངས། གྲོན་ཆུང་བསྲི་ཚགས་བྱས་ནས་འཕྲོ་བརླག་ལ་ངོ་རྒོལ་བྱེད་པ་ནི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཡིན་པ་ཤེས་རྟོགས་གཏིང་ཟབ་བྱེད་པ། སྒྲིག་འགལ་བཟའ་བཏུང་ནི་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་སྲོལ་ལས་ཚབས་ཆེན་འགལ་བ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་ཁོར་ཡུག་ལ་གཏོར་བཤིག་ཚབས་ཆེན་གཏོང་བ། ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བར་གནོད་སྐྱོན་ཚབས་ཆེན་གཏོང་བ་བཅས་ཡིན་པ་ཤེས་རྟོགས་གཏིང་ཟབ་བྱེད་པ། གྲོན་ཆུང་བསྲི་ཚགས་བྱས་ནས་འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི་གཏན་འབེབས་དང་བླང་བྱ་ལས་དོན་ཁག་གི་བརྒྱུད་རིམ་ཧྲིལ་པོར་མཐའ་གཅིག་ཏུ་ཁྱབ་པར་བྱེད་པ། སྒྲིག་འགལ་བཟའ་བཏུང་གི་སྤྱོད་ཚུལ་ངན་པ་བཅོས་སྒྲིག་ཤུགས་ཆེན་བྱེད་པ། གཞུང་དངུལ་བཏང་ནས་བཟའ་བཏུང་བྱེད་ས་མཐའ་གཅིག་ཏུ་མེད་པར་བཟོ་བ་བཅས་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་གི་བྱ་སྤྱོད་དངོས་ལ་བརྟེན་ནས“གཏན་འཁེལ་གཉིས”ལ་མཐའ་གཅིག་ཏུ་བརྩི་སྲུང་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། གྱོད་དཔེ་དཔྱད་གཞིའི་མེ་ལོང་དུ་འཛིན་པ་དང་ཉེན་བརྡ་ཡུན་རིང་གཏོང་དགོས། སྒྲིག་ཁྲིམས་དང་སྒྲིག་སྲོལ་གྱི་འདུ་ཤེས་ལ་ཤུགས་སྣོན་རྒྱག་པ་དང་། དུས་རྟག་ཏུ་སྒྲིག་ཁྲིམས་ཀྱི་རྩ་བ་འདིར་དམ་འཛིན་ནན་པོ་བྱེད་པ། ཏང་གི་སྒྲིག་ཁྲིམས་དང་སྒྲིག་སྲོལ་ལ་རང་རྟོགས་ངང་བརྩི་སྲུང་ཞུ་བ། ཏང་གི་སྒྲིག་ཡིག་སྒྲིག་སྲོལ་སྒྲིག་ཁྲིམས་བཅས་སློབ་སྦྱོང་གཏིང་ཟབ་བྱེད་པ། གྱོད་དཔེར་བརྟེན་ནས་ཉེན་བརྡ་གཏོང་བ་དང་། གྱོད་དཔེར་བརྟེན་ནས་ཀུན་སྤྱོད་ཤོད་པ། གྱོད་དཔེར་བརྟེན་ནས་སྒྲིག་ཁྲིམས་ཤོད་པ། གྱོད་དཔེར་བརྟེན་ནས་བཅའ་ཁྲིམས་ཤོད་པ། གྱོད་དཔེར་བརྟེན་ནས་འགན་འཁྲི་ཤོད་པ་བཅས་ལ་ཤུགས་སྣོན་རྒྱག་པ། སྒྲིག་ཁྲིམས་སློབ་གསོའི་དམིགས་སའི་རང་བཞིན་དང་ཕན་འབྲས་རང་བཞིན་ལ་ཤུགས་སྣོན་རྒྱག་པ། སྔ་ཙམ་དང་ཆུང་ས་ནས་དམ་འཛིན་དང་སྔོན་འགོག་བྱེད་པ། ཡ་མེད་སྒྲིག་འགལ་གྱི་གནད་དོན་ཤེས་རྟོགས་བྱུང་མ་ཐག་ཞིབ་བཤེར་ཐག་གཅོད་བྱས་ནས་རྒྱ་ཡན་དུ་མི་གཏོང་བ། རང་རྟོགས་ངང་བསླུ་བྲིད་འགོག་པ། གཞུང་དྲང་སྤྱོད་གཙང་རྒྱུན་འཁྱོངས་བྱེད་པ། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་ཡོན་ལས་བྱེད་པས་རང་རྟོགས་ངང་སྤྱི་ཚོགས་ཀྱི་འཁོར་རྒྱ་དང་། འཚོ་བའི་འཁོར་རྒྱ། གྲོགས་པོའི་འཁོར་རྒྱ་བཅས་གཙང་མ་བཟོ་རྒྱུར་སློབ་གསོ་དང་ཁྲིད་སྟོན་བྱེད་པ། དུས་དང་རྣམ་པ་ཀུན་ཏུ་རང་གཟབ་རང་བརྩི་བྱེད་པ། སྤྱོད་གཙང་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གཞུང་དྲང་སྤྱོད་གཙང་གི་རིན་ཐང་ལྟ་བ་དར་སྤེལ་ཤུགས་ཆེན་གཏོང་བ། བཟང་བཀུར་སྤྱོད་བཟང་དང་ཧུར་བསྲིས་གྲོན་ཆུང་གི་རྣམ་པ་ཟབ་མོ་གཏོད་པ། རིམ་ཁག་འགོ་ཁྲིད་ལས་བྱེད་པས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་པ། འགན་འཁྲི་ནན་སྒྲུབ་དང་རང་དཔེ་གཞན་སྟོན། སྤྱོད་གཙང་རང་འདོམས་ཀྱི་གཏན་འབེབས་ཁག་ལ་སྣེ་ཁྲིད་དེ་སྲུང་བརྩི་ཞུ་བ་བཅས་བྱས་ཏེ་སེམས་ལ་ཞེད་ས་ཡོད་པ་དང་། སྐར་ཆར་འཛེམས་ཟོན་ཡོད་པ། སྤྱོད་པར་ཚོད་འཛིན་ཡོད་པ་བཅས་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་བློ་བརྟན་འགྱུར་མེད་ཀྱི་རྣམ་འགྱུར་དང་ནུས་ལྡན་གྱི་བྱེད་ཐབས་ལ་བརྟེན་ནས་གཅིག་སྡུད་བཅོས་སྒྲིག་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་རྒྱུར་འགན་ལེན་བྱེད་དགོས། བཅོས་སྒྲིག་གི་གཙོ་གནད་འབུར་དུ་ཐོན་པ་དང་། ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་སློབ་གསོ་ལྟ་འདོམས་ལ་དམ་འཛིན་ཡག་པོ་བྱེད་པ། གཙོ་གནད་གནད་དོན་དང་། གཙོ་གནད་ཁྱབ་ཁོངས། གཙོ་གནད་ཁ་གཏད་བཅས་ལ་དམིགས་ཏེ་གནད་སྨིན་ཤུགས་འདོན་དང་འབེན་དམིགས་བཅོས་སྒྲིག་བྱེད་དགོས། རང་བཤེར་རང་བཅོས་གཏིང་ཟབ་བྱེད་པ་དང་། གྲི་དངོ་རང་གཏད་མཐའ་འཁྱོངས་བྱེད་པ། གནད་དོན་ལ་ཐད་ཀར་གཏུགས་ཕོད་པ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བཅས་བྱས་ཏེ་གནད་དོན་བཅོས་སྒྲིག་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་དང་། སྤྱི་འདོམས་མཐུན་སྦྱོར་མཐའ་འཁྱོངས་བྱེད་པ། མཉམ་ལས་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ། ཡ་མེད་སྒྲིག་འགལ་ངང་བཟའ་བཏུང་བྱེད་མཁན་དང་བྱ་བར་སྒྲིག་སྲོལ་དང་སྒྲིག་ཁྲིམས་ལྟར་ཞིབ་བཤེར་ནན་པོ་དང་མགྱོགས་མྱུར་ཐག་གཅོད་བཅས་བྱས་ནས་གཉའ་གཅོག་དགོས། ལམ་ལུགས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། འབྱུང་རྩ་ནས་གནད་དོན་མ་ཐོན་སྔོན་འགོག་བྱེད་པ། གཅིག་ཤེས་ཀུན་གྲོལ་ལ་གཙིགས་ཆེན་བྱེད་པ། ལམ་ལུགས་ཀྱི་རླུང་ཙེ་དམ་དུ་གཏོང་བ་བཅས་བྱས་ནས་ལམ་ལུཌ་ཀྱི་ལེགས་ཆ་དེ་བས་ལེགས་པའི་སྒོ་ནས་བཅོས་སྒྲིག་གི་ཕན་ནུས་སུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་གཅིག་སྡུད་བཅོས་སྒྲིག་ལས་དོན་ལ་ཕན་འབྲས་དངོས་ཐོན་རྒྱུའི་འགན་ལེན་བྱེད་དགོས། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་སྒྲིག་འགལ་བཟའ་བཏུང་གཅིག་སྡུད་བཅོས་སྒྲིག་བྱ་རྒྱུ་དེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་སྒྲུབ་པ་དང“སྤྱོད་ཚུལ་བཞི”ཡོ་བཅོས་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩི་བ་དང་། 《ཏང་སྲིད་ལས་ཁུངས་ཀྱིས་གྲོན་ཆུང་བསྲི་ཚགས་བྱས་ནས་འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི་སྲོལ་ཡིག》སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་ལ་དམ་འཛིན་ནན་ཏན་བྱེད་པ། རྒྱུན་ལྡན་སློབ་གསོའི་ལྟ་འདོམས་ཞིབ་ཚགས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱེད་དགོས། རིམ་ཁག་སློབ་སྦྱོང་སློབ་གསོའི་ལས་དོན་ཆེད་དོན་ཚན་ཁག་གིས་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་ལས་ཀའི་འཕེལ་རིམ་གྱི་གནས་ཚུལ་ཁོང་དུ་ཆུད་པར་བྱས་ནས་རིགས་ཁག་གི་གནད་དོན་དུས་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད་བྱེད་དགོས། རིམ་ཁག་ལྟ་སྐུལ་སློབ་སྟོན་ཚོགས་ཆུང་གིས་ལྟ་སྐུལ་སློབ་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལྟ་སྐུལ་སློབ་སྟོན་གྱི་ཚད་གཞི་ནན་དུ་བཏང་ནས་གཅིག་སྡུད་བཅོས་སྒྲིག་ལས་དོན་དེ་ཕྱི་ཚུལ་ཙམ་དང་ཁུངས་འཁྱོལ་ཙམ་མི་བྱེད་པའི་འགན་ལེན་བྱེད་དགོས། རིམ་ཁག་དྲིལ་བསྒྲགས་སྡེ་ཚན་གྱིས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་། གླེང་ཕྱོགས་ཀྱི་ཁྲིད་ཕྱོགས། རིན་ཐང་གི་ལྟ་བ་འཛིན་ཕྱོགས་བཅས་མཐའ་འཁྱོངས་བྱེད་པ་དང་། དྲིལ་བསྒྲགས་ཁྲིད་སྟོན་ལ་གཙིགས་ཆེན་བྱེད་པ། དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་པ་བཅས་བྱས་ནས་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།