དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ལའེ་ཅའོ་ལྗོངས་ཡོངས་ཀྱི་གྲོང་སྡོད་ལས་བྱེད་པའི་ཆེད་དོན་གསོ་སྦྱོང་འཛིན་གྲྭའི་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-06-12

    ཚེས་9ཉིན། ལྗོངས་ཡོངས་ཀྱི་གྲོང་སྡོད་ལས་བྱེད་པའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་ལྷ་སར་སློབ་འགོ་ཚུགས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་ནས་ཆེད་དོན་ཟུར་ཁྲིད་གནང་བ་རེད།

    ལའེ་ཅའོ་ཡིས་གསུངས་དོན། ལས་བྱེད་པས་གྲོང་སྡོད་ཀྱི་ལས་དོན་སྤེལ་བ་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པ་དང་བོད་ཀྱི་དོན་དངོས་ལ་གཞི་ཚུགས་ནས་བཏོན་པའི་ལས་དོན་གྱི་བཀོད་སྒྲིག་གལ་ཆེན་ཞིག་དང་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཡིན་པས་དམ་འཛིན་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས་བྱེད་དགོས།

    ལའེ་ཅའོ་ཡིས་ནན་བཤད་གནང་དོན། ཁག་གསར་པའི་གྲོང་སྡོད་ལས་དོན་རུ་མིས་དུས་རབས་གསར་པའི་གྲོང་སྡོད་ལས་དོན་གྱི“གཙོ་གནད་ལས་འགན་ཁག་ལྔར”དམ་པོར་དམིགས་པ་དང་། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། མང་ཚོགས་ཕྱུག་འགྱུར་ལ་སྣེ་ཁྲིད་བྱེད་པ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། མཐའ་མཚམས་ཀྱི་མངའ་ཁོངས་ས་ཆ་སྲུང་བ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ་བཅས་ཀྱི་ལས་དོན་ཁག་ཞིབ་ཚགས་དང་ཏན་ཏིག་སྒྲུབ་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་བཏང་ནས་སློབ་སྦྱོང་ལ་སྤུས་ཚད་ལྡན་པ་དང་། ཞིབ་བཤེར་ལ་ཤུགས་ཚད་ལྡན་པ། སྒྱུར་བཅོས་ལ་ཕན་འབྲས་ལྡན་པ་བཅས་ཀྱི་འགན་ལེན་བྱས་ཐོག རྒྱ་ཆེའི་གྲོང་སྡོད་ལས་བྱེད་པ་དང་ཞིང་འབྲོག་པ་ཏང་ཡོན་གྱིས་སློབ་སྦྱོང་གི་ཕན་འབྲས་དེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ་དང་། “ཉིན་བརྒྱར་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་བརྟག་ཞིབ་ཆེན་པོ”གཏིང་ཟབ་བྱས་ཏེ་དམངས་ཀྱི་སེམས་ཁྲལ་སེལ་བ་དང་དམངས་ཀྱི་དཀའ་ངལ་ཐག་གཅོད་བྱེད་རིང་། མི་རིགས་ཁག་གི་མང་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ལ་སྣེ་ཁྲིད་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་ཤུགས་ཆེན་བཏང་ནས་ཟ་ཁང་དང་ཁྲུས་ཁང་དང་། རིག་གནས་ཁང་། དྲོད་རླངས་དང་གསོ་རླུང་མཁོ་འདོན་སོགས“ཆུང་ལ་མཛེས་པའི”རྣམ་གྲངས་ལག་ལེན་ཡག་པོ་བསྟར་བ་དང་། ཞིང་འབྲོག་ཁུལ་གྱི་གོམས་སྲོལ་བསྒྱུར་བར་སྐུལ་འདེད་གཏིང་ཟབ་གཏོང་བ། སྐྱོན་བྲལ་དང་ཤེས་དཔལ་གྱི་འཚོ་བ་སྐྱེལ་སྟངས་ཆགས་པར་ཁྲིད་སྟོན་བཅས་བྱེད་དགོས། གྲོང་སྡོད་ལས་དོན་གྱི་སྒྲིག་སྲོལ་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་མི་གནས་སར་ལུས་པོ་གནས་པ་དང་། ལུས་པོ་གནས་སར་སེམས་གནས་པ། སེམས་གནས་སར་བརྩེ་བས་ཁེངས་པ་བཅས་བྱས་ཏེ་དངོས་སྒྲུབ་དང་ཕན་འབྲས་དངོས་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་སྐྲུན་ཕྱིར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།