དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཡན་ཅིན་ཧའེ་ཡིས་གཞིས་རྩེ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-06-12

    ཚེས་9ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་གཞིས་རྩེ་གྲོང་ཁྱེར་གྱི་དིང་རི་རྫོང་དང་ལྷ་རྩེ་རྫོང་སོགས་སུ་གྲོང་གསེབ་དར་རྒྱས་དང་། དིང་རིའི་ས་ཡོམ་གེགས་རྗེས་སླར་གསོ་བསྐྱར་སྐྲུན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པ་སོགས་ལ་དམིགས་ནས་བརྟག་ཞིབ་གནང་བ་རེད།

    དིང་རི་རྫོང་རྫོང་མཚོ་གམ་པའི་ལུག་གསོ་ཚགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་ནི་རྒྱལ་ཁབ་རིམ་པའི་དཔེ་སྟོན་མཉམ་ལས་ཁང་ཞིག་ཡིན། 2024ལོར་མཉམ་ལས་ཁང་གི་སྣེ་ཁྲིད་འོག རྫོང་མཚོ་གྲོང་ཚོར་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2ཟིན་ཡོད། འབྲེལ་ཡོད་ངོ་སྤྲོད་གསན་རྗེས་ཡན་ཅིན་ཧའེ་ཡིས་དུས་རབས་དང་ཁྲོམ་རའི་དགོས་མཁོར་དམ་པོར་དམིགས་ནས་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་ལེགས་སུ་དང་ཁྲོམ་རའི་བྲིན་ལམ་རྒྱ་ཆེར་གཏོང་བ་དང་། ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་དང་འགྲན་རྩོད་ནུས་པ་ཆེ་རུ་བཏང་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྒུལ་ཤུགས་སྣོན་དགོས།

    ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་ལས་མི་སྤྱིར་བཏང་གི་བཟོ་པ་ནས་ལག་རྩལ་བཟོ་པར་བསྒྱུར་རྒྱུར་སྐུལ་འདེད་བཏང་ནས། ས་གནས་དེ་གའི་མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    དིང་རི་རྫོང་གྲམ་མཚོ་ཤང་ཟིང་དཀར་གྲོང་ཚོ་དང་དགུ་རུམ་གྲོང་ཚོར་ས་ཡོམ་གྱི་གནོད་འཚེ་ཚབས་ཆེ་ཤོས་ཕོག་ཡོད། ཡན་ཅིན་ཧའེ་ཡིས་ཨར་ལས་བྱ་ཡུལ་དུ་ཕེབས་ཏེ་ལས་གྲྭའི་འཆར་འགོད་ཇུས་འགོད་དང་། ཨར་ལས་ཀྱི་སྤུས་ཚད། བདེ་འཇགས་འགན་ལེན་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་མ་ཟད། ཨར་ལས་མི་སྣ་དང་སྤེལ་རེས་གཏིང་ཟབ་ཀྱང་གནང་བ་རེད། བསྐྱར་སྐྲུན་ལས་དོན་གྱི་འཕེལ་རིམ་མྱུར་བ་དང་བརྒྱུད་རིམ་ཁག་གོ་རིམ་ལྡན་པ་གཟིགས་རྗེས། ཡན་ཅིན་ཧའེ་ཡིས་འབྲེལ་ཡོད་སྡེ་ཚན་དང་འཛུགས་སྐྲུན་ནང་ཞུགས་མཁན་ཚན་པས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོར་བྱེད་པ། བདེ་འཇགས་ཀྱི་མཐའ་ཚད་དང་དམར་ཐིག་བརྟན་པོར་སྲུང་བ་བཅས་བྱེད་པ་དང་ཆབས་ཅིག་ཨར་ལས་ཀྱི་དུས་ཚོད་ཡག་ཤོས་དམ་འཛིན་དང་། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། ལས་ཀའི་བྱེད་ཐབས་ཞིབ་ཚགས་སུ་གཏོང་བ་བཅས་བྱས་ནས་བསྐྱར་སྐྲུན་ལས་གྲྭ་དུས་བཀག་ལྟར་སྤུས་འབོར་གཉིས་ལྡན་ངང་ལེགས་སྒྲུབ་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད། ཡན་ཅིན་ཧའེ་དགུ་རུམ་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་གྱི་རྒྱལ་མཚན་གྱི་ཁྱིམ་དུ་ཕེབས་པ་དང་། ཁོང་ཚོར་སྲིད་ཇུས་ལྟར་སྡོད་ཁང་གསར་པ་རག་པ་མཁྱེན་རྗེས། ཡན་ཅིན་ཧའེ་ཡིས་དྲིན་ཚོར་གྱི་སེམས་པ་བཅངས་ནས་ཕན་པ་གང་ནས་བྱུང་བ་དང་དྲིན་ལན་སུ་ལ་འཇལ་དགོས་པ་ཤེས་པར་བྱས་ཏེ་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་གཏོང་དགོས་ཞེས་གསུངས་པ་རེད།

    ལྷ་རྩེ་རྫོང་གི་གཅིག་གྱུར་འཆར་འགོད་འཛུགས་སྐྲུན་རྣམ་གྲངས་ཀྱི་དམིགས་ཚད་དུམ་བུ་དང་ཉམས་བཟོ་བརྟན་གཏོང་རྣམ་གྲངས་ལས་ཡུལ་དུ། ཡན་ཅིན་ཧའེ་ཡིས་ཚང་མས་འགན་འཁྲི་ཏན་ཏིག་ཁུར་ནས་ལས་ཡུན་ལྡོག་སྒྲིག་དང་ལས་རིམ་གསལ་འགོད། བཀོད་གཏོང་ལ་ཤུགས་སྣོན། གོ་རིམ་སྟངས་འཛིན་བཅས་བྱེད་དགོས་པ་དང་། འགན་འཁྲི་གཙང་ལེན་གྱི་ལྕག་འདེབས་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་ནས། ལས་གྲྭའི་མྱུར་ཚད་མགྱོགས་སུ་བཏང་སྟེ་མང་ཚོགས་སྔ་ཙམ་སྡོད་ཁང་གསར་པར་སྤོ་ཐུབ་པ་བྱེད་དགོས། མང་ཚོགས་ཀྱི་འདོད་བློར་བརྩི་འཇོག་གང་ལེགས་བྱེད་པ་དང་དུས་ཐོག་ཏུ་མང་ཚོགས་ཀྱི་དོ་ཁུར་ལ་ལན་བརྒྱབ་སྟེ་མང་ཚོགས་ཀྱི་སྡོད་ཁང་བསྐྱར་སྐྲུན་བྱས་ནས་མང་ཚོགས་བློ་ཡིད་ཚིམ་པར་བྱེད་དགོས་པའི་མངགས་བཅོལ་གནང་བ་རེད།

    བརྟག་ཞིབ་གནང་རིང་། ཡན་ཅིན་ཧའེ་ཡིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་ལས་ཀའི་གཙོ་རྐང་དུ་བརྩི་རྒྱུ་མཐའ་འཁྱོངས་དང་། དེ་གྲོང་གསེབ་དར་རྒྱས་དང་གེགས་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ཏུ་ཁྱབ་པར་བྱེད་པ། ཁྱད་ལྡན་ཞིང་འབྲོག་དང་། རིག་གནས་ཡུལ་སྐོར། ནུས་རྒྱུ་གཙང་མ་སོགས་ཐོན་ལས་ཚན་རིག་དང་མཐུན་པར་བཀོད་སྒྲིག་བྱེད་པ། ཞིང་འབྲོག་པའི་ལས་གཏོད་ལས་ཞུགས་དང“ཚོགས་སྒྲིག་རྣམ་པའི”ལྗོངས་ཕྱིར་ལས་སྒྲུབ་ལས་ཞུགས་ལ་རྒྱབ་སྐྱོར་བཅས་བྱས་ཏེ། ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་གྱི་ཡོང་འབབ་མང་དུ་གཏོང་བ་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་སྟོབས་ཆེར་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་ཟླ་6ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་གཞིས་རྩེ་གྲོང་ཁྱེར་གྱི་དིང་རི་རྫོང་དང་ལྷ་རྩེ་རྫོང་སོགས་སུ་གྲོང་གསེབ་དར་རྒྱས་དང་། དིང་རིའི་ས་ཡོམ་གེགས་རྗེས་སླར་གསོ་བསྐྱར་སྐྲུན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པ་སོགས་ལ་དམིགས་ནས་བརྟག་ཞིབ་གནང་བ་རེད།

    དིང་རི་རྫོང་རྫོང་མཚོ་གམ་པའི་ལུག་གསོ་ཚགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་ནི་རྒྱལ་ཁབ་རིམ་པའི་དཔེ་སྟོན་མཉམ་ལས་ཁང་ཞིག་ཡིན། 2024ལོར་མཉམ་ལས་ཁང་གི་སྣེ་ཁྲིད་འོག རྫོང་མཚོ་གྲོང་ཚོར་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2ཟིན་ཡོད། འབྲེལ་ཡོད་ངོ་སྤྲོད་གསན་རྗེས་ཡན་ཅིན་ཧའེ་ཡིས་དུས་རབས་དང་ཁྲོམ་རའི་དགོས་མཁོར་དམ་པོར་དམིགས་ནས་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་ལེགས་སུ་དང་ཁྲོམ་རའི་བྲིན་ལམ་རྒྱ་ཆེར་གཏོང་བ་དང་། ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་དང་འགྲན་རྩོད་ནུས་པ་ཆེ་རུ་བཏང་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྒུལ་ཤུགས་སྣོན་དགོས།

    ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་ལས་མི་སྤྱིར་བཏང་གི་བཟོ་པ་ནས་ལག་རྩལ་བཟོ་པར་བསྒྱུར་རྒྱུར་སྐུལ་འདེད་བཏང་ནས། ས་གནས་དེ་གའི་མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    དིང་རི་རྫོང་གྲམ་མཚོ་ཤང་ཟིང་དཀར་གྲོང་ཚོ་དང་དགུ་རུམ་གྲོང་ཚོར་ས་ཡོམ་གྱི་གནོད་འཚེ་ཚབས་ཆེ་ཤོས་ཕོག་ཡོད། ཡན་ཅིན་ཧའེ་ཡིས་ཨར་ལས་བྱ་ཡུལ་དུ་ཕེབས་ཏེ་ལས་གྲྭའི་འཆར་འགོད་ཇུས་འགོད་དང་། ཨར་ལས་ཀྱི་སྤུས་ཚད། བདེ་འཇགས་འགན་ལེན་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་མ་ཟད། ཨར་ལས་མི་སྣ་དང་སྤེལ་རེས་གཏིང་ཟབ་ཀྱང་གནང་བ་རེད། བསྐྱར་སྐྲུན་ལས་དོན་གྱི་འཕེལ་རིམ་མྱུར་བ་དང་བརྒྱུད་རིམ་ཁག་གོ་རིམ་ལྡན་པ་གཟིགས་རྗེས། ཡན་ཅིན་ཧའེ་ཡིས་འབྲེལ་ཡོད་སྡེ་ཚན་དང་འཛུགས་སྐྲུན་ནང་ཞུགས་མཁན་ཚན་པས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོར་བྱེད་པ། བདེ་འཇགས་ཀྱི་མཐའ་ཚད་དང་དམར་ཐིག་བརྟན་པོར་སྲུང་བ་བཅས་བྱེད་པ་དང་ཆབས་ཅིག་ཨར་ལས་ཀྱི་དུས་ཚོད་ཡག་ཤོས་དམ་འཛིན་དང་། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། ལས་ཀའི་བྱེད་ཐབས་ཞིབ་ཚགས་སུ་གཏོང་བ་བཅས་བྱས་ནས་བསྐྱར་སྐྲུན་ལས་གྲྭ་དུས་བཀག་ལྟར་སྤུས་འབོར་གཉིས་ལྡན་ངང་ལེགས་སྒྲུབ་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད། ཡན་ཅིན་ཧའེ་དགུ་རུམ་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་གྱི་རྒྱལ་མཚན་གྱི་ཁྱིམ་དུ་ཕེབས་པ་དང་། ཁོང་ཚོར་སྲིད་ཇུས་ལྟར་སྡོད་ཁང་གསར་པ་རག་པ་མཁྱེན་རྗེས། ཡན་ཅིན་ཧའེ་ཡིས་དྲིན་ཚོར་གྱི་སེམས་པ་བཅངས་ནས་ཕན་པ་གང་ནས་བྱུང་བ་དང་དྲིན་ལན་སུ་ལ་འཇལ་དགོས་པ་ཤེས་པར་བྱས་ཏེ་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་གཏོང་དགོས་ཞེས་གསུངས་པ་རེད།

    ལྷ་རྩེ་རྫོང་གི་གཅིག་གྱུར་འཆར་འགོད་འཛུགས་སྐྲུན་རྣམ་གྲངས་ཀྱི་དམིགས་ཚད་དུམ་བུ་དང་ཉམས་བཟོ་བརྟན་གཏོང་རྣམ་གྲངས་ལས་ཡུལ་དུ། ཡན་ཅིན་ཧའེ་ཡིས་ཚང་མས་འགན་འཁྲི་ཏན་ཏིག་ཁུར་ནས་ལས་ཡུན་ལྡོག་སྒྲིག་དང་ལས་རིམ་གསལ་འགོད། བཀོད་གཏོང་ལ་ཤུགས་སྣོན། གོ་རིམ་སྟངས་འཛིན་བཅས་བྱེད་དགོས་པ་དང་། འགན་འཁྲི་གཙང་ལེན་གྱི་ལྕག་འདེབས་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་ནས། ལས་གྲྭའི་མྱུར་ཚད་མགྱོགས་སུ་བཏང་སྟེ་མང་ཚོགས་སྔ་ཙམ་སྡོད་ཁང་གསར་པར་སྤོ་ཐུབ་པ་བྱེད་དགོས། མང་ཚོགས་ཀྱི་འདོད་བློར་བརྩི་འཇོག་གང་ལེགས་བྱེད་པ་དང་དུས་ཐོག་ཏུ་མང་ཚོགས་ཀྱི་དོ་ཁུར་ལ་ལན་བརྒྱབ་སྟེ་མང་ཚོགས་ཀྱི་སྡོད་ཁང་བསྐྱར་སྐྲུན་བྱས་ནས་མང་ཚོགས་བློ་ཡིད་ཚིམ་པར་བྱེད་དགོས་པའི་མངགས་བཅོལ་གནང་བ་རེད།

    བརྟག་ཞིབ་གནང་རིང་། ཡན་ཅིན་ཧའེ་ཡིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་ལས་ཀའི་གཙོ་རྐང་དུ་བརྩི་རྒྱུ་མཐའ་འཁྱོངས་དང་། དེ་གྲོང་གསེབ་དར་རྒྱས་དང་གེགས་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ཏུ་ཁྱབ་པར་བྱེད་པ། ཁྱད་ལྡན་ཞིང་འབྲོག་དང་། རིག་གནས་ཡུལ་སྐོར། ནུས་རྒྱུ་གཙང་མ་སོགས་ཐོན་ལས་ཚན་རིག་དང་མཐུན་པར་བཀོད་སྒྲིག་བྱེད་པ། ཞིང་འབྲོག་པའི་ལས་གཏོད་ལས་ཞུགས་དང“ཚོགས་སྒྲིག་རྣམ་པའི”ལྗོངས་ཕྱིར་ལས་སྒྲུབ་ལས་ཞུགས་ལ་རྒྱབ་སྐྱོར་བཅས་བྱས་ཏེ། ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་གྱི་ཡོང་འབབ་མང་དུ་གཏོང་བ་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་སྟོབས་ཆེར་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།