ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་རིཌ་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2025ལོའི(རྒྱ་ཆེ)སློབ་སྦྱོང་ཚོགས་འདུ་ཐེངས་ལྔ་པ་གཙོ་སྐྱོང་གནང་བ།
ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2025ལོའི(རྒྱ་ཆེ)སློབ་སྦྱོང་ཚོགས་འདུ་ཐེངས་ལྔ་པ་གཙོ་སྐྱོང་གནང་ནས། “ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པར”དམིགས་ནས་ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭའི་དགེ་རྒན་ཆེ་མོ་བ་ཀྲང་ཅུན་ཆེད་དོན་ཟུར་ཁྲིད་ལ་གདན་དྲངས་ཤིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཁོངས་མིས་སྤེལ་རེས་དང་བགྲོ་གླེང་བྱས་པ་རེད།
ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་རིག་གནས་དགོངས་པས་ང་ཚོར་རིག་གནས་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་པོ་སྟོན་གནང་བ་མ་ཟད། རྩ་བའི་གཞི་འཛིན་ས་ཡང་མཁོ་འདོན་གནང་ཡོད་པས། ཟབ་སྦྱོང་མཐིལ་རྟོགས་དང་གོ་དོན་མཐིལ་རྟོགས་ཐད་མུ་མཐུད་ཤུགས་བརྒྱབ་སྟེ་རིག་གནས་ཀྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་མི་དམངས་འཐུས་ཚོགས་ཀྱི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་པ་དང་། རིག་གནས་ལ་བརྟེན་ནས་བླ་སྲོག་གཏོད་པ་དང་ཟབ་སྦྱོང་མཐིལ་རྟོགས་བྱེད་པ་དང་། 《ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་སློབ་སྦྱོང་རྩ་གནད》སོགས་ཀྱི་མ་རྩོམ་མགོ་ནས་མཇུག་བར་སྦྱོང་བ་དང་ཡི་གེ་རེ་རེ་དང་ཚིག་རེ་རེ་བཞིན་ལ་གོ་བ་བླངས་ཏེ་ཞིབ་བསྡུར་རིག་པ་དང་ཟུང་འབྲེལ་རིག་པ་བརྒྱུད། ཀྲུང་ཧྭའི་རིག་གནས་ཀྱི་དམིགས་བསལ་རང་བཞིན་དང་ཁྱད་འཕགས་རང་བཞིན་སྔར་བས་ཁོང་དུ་ཆུད་པར་བྱེད་པ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་སྐྱེ་སྟོབས་ཆེན་པོ་དང་ཚན་རིག་དང་མཐུན་པའི་དཔེ་སྟོན་རང་བཞིན་སྔར་བས་ཁོང་དུ་ཆུད་པར་བྱེད་པ། རིག་གནས་ཀྱི་གདེང་ཚོད་དང་ལོ་རྒྱུས་ཀྱི་གདེང་ཚོད་སྔར་བས་བརྟན་དུ་གཏོང་བ། “གཏན་འཁེལ་གཉིས”སྲུང་སྐྱོང་དང“སྲུང་སྐྱོང་གཉིས”ཐུབ་པར་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་མངོན་པར་བྱེད་དགོས། རིག་གནས་ལ་བརྟེན་ནས་བྱ་གཞག་དར་རྒྱས་གཏོང་བ་དང་དངོས་འཛིན་དངོས་སྒྲུབ་བྱེད་པ་དང་། མུ་མཐུད་སེམས་ནུས་གཅིག་སྒྲིལ་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུ་དེ་གཙོ་རྐང་དུ་བྱས་ནས། རིག་གནས་དར་རྒྱས་གོང་འཕེལ་ཡོང་བར་སྟོབས་ཤུགས་དང་། བློ་གྲོས། ཐུན་མོང་ངོས་འཛིན་བཅས་གཅིག་ཏུ་བསྒྲིལ་དགོས། དྲིལ་བསྒྲགས་འོས་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མི་དམངས་འཐུས་ཚོགས་ཀྱི་རང་ངོས་ཀྱི་ལས་སྟེགས་དང་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་བརྟེན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་དམངས་ལ་དམིགས་བསལ་ཐུགས་ཁུར་གནང་ལུགས་སྐོར་གྱི་གཏམ་རྒྱུད་དང་། གངས་ལྗོངས་ས་མཐོའི་བྱ་གཞག་ཁག་ལ་ཐོབ་པའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པའི་གཏམ་རྒྱུད། བོད་ཀྱི་མི་དམངས་འཐུས་ཚོགས་ཀྱི་གཏམ་རྒྱུད། དམངས་གཙོའི་གཏམ་རྒྱུད། ཁྲིམས་སྐྱོང་གཏམ་རྒྱུད་བཅས་ཡག་པོ་བཤད་དེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་ལ་བསམ་བློའི་འགན་ལེན་བརྟན་པོ་དང་བསམ་པའི་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱེད་དགོས། རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡིས་མི་དམངས་འཐུས་ཚོགས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་བརྒྱབ་ནས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་དང་ཁག་བགོས་ཏང་ཙུའི་ལས་དོན་གྱི་གཙོ་གནད་དང་སློབ་སྦྱོང་འཆར་གཞིའི་ནང་བཅུག་ནས་གཞུང་འཁྱོངས་གསར་འབྱེད་དང་ཡུན་རིང་དམ་འཛིན་དང་དམ་འཛིན་ཏན་ཏིག་བྱེད་དགོས། འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་ནན་དུ་བཏང་ནས་མི་དམངས་འཐུས་ཚོགས་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་ཡག་པོ་སྲུང་དགོས། ལས་ཁུངས་ཀྱི་རིག་གནས་སྐྱེད་སྲིང་ཤུགས་ཆེན་བྱེད་པ་དང་། “ལས་ཁུངས་བཞི”འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། བློ་སེམས་གཅིག་སྒྲིལ་དང་ངར་ཤུགས་གཅིག་སྒྲིམ་གྱི་རྣམ་པ་བཟང་པོ་སྲ་བརྟན་དུ་གཏོང་དགོས།