དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོཌ་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡི་2025ལོའི(རྒྱ་ཆེ)ཚོགས་འདུ་ཐེངས་བརྒྱད་པ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-09

     ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོཌ་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡི་2025ལོའི(རྒྱ་ཆེ)ཚོགས་འདུ་ཐེངས་བརྒྱད་པ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་གལ་ཆེན། རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གི་ཡན་ལག་ཏང་ཙུའུ་ཁག་གི་2025ལོའི་ལས་ཀའི་གཙོ་གནད་དང་སློབ་སྦྱོང་འཆར་གཞི་སོགས་འབྲེལ་ཡོད་དོན་གནད་ལ་ཞིབ་འཇུག་གནང་བ་མ་ཟད། དོན་འཁྱོལ་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། འཕེལ་རྒྱས་ལ་བརྟེན་ནས“རྨང་གཞི་བརྟན་དུ་བཏང”སྟེ་དམངས་གཉེར་དཔལ་འབྱོར་སྐུལ་འདེད་བཅའ་ཁྲིམས་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་སྲོལ་ཡིག རང་སྐྱོང་ལྗོངས་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་ཀྱི་མ་རྩའི་དོན་དག་གལ་ཆེན་གྱི་ཐབས་ཇུས་དོ་དམ་ལྟ་སྐུལ་སོགས་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་ལས་ཞུགས་དང་། ཁེ་ལས། ཁྲོམ་ར། སྔོན་དཔག་བཅས་སྔར་བས་བརྟན་པོ་ཡོང་བར་བྱེད་དགོས། ཤེས་དཔལ་ལ་བརྟེན་ནས“བློ་སྦྱོང”བྱས་ཏེ། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ནས་ལོ་ངོ་60འཁོར་བའི་བྱེད་སྒོ་ཡག་པོ་གཉེར་བ་གོ་སྐབས་སུ་བརྩིས་ནས། དཔའ་ངར་ཆེན་པོས་ཡར་རྒྱས་དང་འབད་བརྩོན་ཆེན་པོས་རྗེས་ཐོན་པའི་རྣམ་པ་གསར་པ་གཏོད་པའི་ཐད་མིག་དཔེ་སྟོན་དགོས། ཁྲིམས་སྐྱོང་ལ་བརྟེན་ནས“ལུས་སྲུང”བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ལག་བསྟར་བྱེད་ཐབས་ཀྱི་ཁྲིམས་འཛུགས་གོང་གི་ལས་དོན་ཡག་པོ་བསྒྲུབས་ནས། ཁྲིམས་སྐྱོང་གི་སྟོབས་ཤུགས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས། སློབ་གསོར་བརྟེན་ནས“རྨང་གཞི་བརྟན་དུ”བཏང་སྟེ་བརྟག་དཔྱད་ཞིབ་འཇུག་དང་སྙན་ཞུར་གྲོས་ཞིབ་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད། སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སློབ་མས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཟུར་ཉན་བྱེད་པ་དང“མི་དམངས་འཐུས་ཚོགས་ཀྱི་སྒོ་དབྱེའི་ཉིན་མོ”སོགས་ཀྱི་བྱེད་སྒོ་གསར་གཏོད་རང་བཞིན་གྱིས་གཉེར་ནས་གཞོན་ནུ་ལོ་ཆུང་རྣམས་ཀྱིས་མི་དམངས་འཐུས་ཚོགས་ཀྱི་ལམ་ལུགས་དང་། མི་དམངས་འཐུས་ཚོགས་ཀྱི་འཕེལ་རྒྱས། མི་དམངས་འཐུས་ཚོགས་ཀྱི་ལས་དོན་བཅས་ས་གནས་ས་ཐོག་ནས་ཤེས་རྟོགས་ཐུབ་པར་བྱེད་དགོས། སྒྲིག་ཁྲིམས་ལ་བརྟེན་ནས“སྤྱོད་ཚུལ་ཡོ་བསྲང”བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཡག་པོ་སྤེལ་ནས་ལས་ཀའི་བཅད་ཁ་ཆུང་ཆུང་ལ་བརྟེན་ཏེ་སྤྱོད་ཚུལ་ལ་འགྱུར་བ་ཆེན་པོ་ཡོང་བར་དགོས།

    ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། ཡན་ལག་ཏང་ཙུའུ་འཛུགས་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། ཡན་ལག་ཏང་ཙུའུ་སྟོབས་ལྡན་འཛུགས་སྐྱོང་དང་ནུས་པ་ཐོན་པའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ནུས་ཤུགས་ཡོད་རྒུས་ཆེ་རུ་བཏང་ནས། ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་སྔར་བས་གཅིག་གྱུར་དམ་ཟབ་ཡོང་བར་བྱེད་དགོས། ཡན་ལག་ཏང་ཙུའུ་ཡི་སྣེ་ཁྲིད་དང་གཅིག་འདོམས་ཀྱི་ནུས་པ་གང་ལེགས་བཏོན་ཏེ། འགན་འཁྲི་ཏན་ཏིག་འཁུར་བ་དང་མི་དམངས་འཐུས་ཚོགས་ཀྱི་འགན་ནུས་ཁྱད་ཆོས་ལ་དམ་པོར་གཞིགས་ནས་ཁ་ཕྱོགས་ལ་སྟངས་འཛིན་དང་། སྤྱི་ཡོངས་ལ་དོ་དམ། དོན་འཁྱོལ་ལ་འགན་ལེན་བཅས་བྱས་ཏེ། ནུས་ལྡན་གྱི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ནུས་ལ་བརྟེན་ནས་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།