དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལའེ་ཅའོ།
  • ལའེ་ཅའོ་ཡིས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་སུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-09

     ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་སུ་ཕེབས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་དང་། ས་གནས་ས་ཐོག་ནས་ཤང་དང་གྲོང་རྡལ(ཁྲོམ་གཞུང)གྱི་འགན་སྒྲུབ་གསལ་ཐོ་སྒྲིག་བཟོ་དང་བོད་སྐྱོར་ཐོན་ལས་རྣམ་གྲངས་འཛུགས་སྐྲུན་ལས་དོན་མཁྱེན་རྟོགས་གནང་བ་རེད།

    སྟག་རྩེ་ཆུས་སུ་ལའེ་ཅའོ་ཆུས་ཨུད་གཞུང་ལས་ཁང་དང་ཆུས་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཆེད་སྒྲུབ་ཚན་ཁག་ལ་ཕེབས་ནས་ཏང་ཡོན་ལས་བྱེད་པ་དང་ངོ་ཐུག་གདོང་འཕྲད་ཀྱིས་སློབ་སྦྱོང་གི་མྱོང་ཚོར་སྤེལ་རེས་གནང་ཞིང་། ཁོང་གིས། ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན། ལྗོངས་ཏང་ཨུད་ཀྱི་ལག་བསྟར་བྱེད་ཐབས་བཅས་སློབ་སྦྱོང་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་ཐོས་བསམ་མྱོང་རྟོགས་ཁྲོད་ཆབ་སྲིད་ཀྱི་བྱང་ཚད་མཐོ་རུ་དང་འཇོན་ཐང་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    སྟག་རྩེ་ཆུས་དར་རྒྱས་ཤང་དུ་ལའེ་ཅའོ་ཡིས་ཤང་དང་གྲོང་རྡལ(ཁྲོམ་གཞུང)གྱི་ལས་སྒྲུབ་གསལ་ཐོ་སྒྲིག་བཟོའི་ལས་དོན་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས། གསལ་ཐོ་ཁོ་ནར་མི་ལྟ་བར་དམངས་ཆེད་ཞབས་འདེགས་ཞུ་བའི“རེའུ་མིག་གཅིག”བཟོ་བ་དང་། གསལ་ཐོ་བཀོད་པ་གསལ་པོར་ཤེས་པ་བྱས་ཏེ་དངོས་སྒྲུབ་འགན་འཁྲི་ཁུར་བའི“རེའུ་མིག་གཅིག”བཟོ་བ། གསལ་ཐོར་སླར་ཡང་བསྐྱར་ཞིབ་བྱས་ཏེ་ཁུར་པོ་ཡང་གཏོང་དང་མཐུན་རྐྱེན་སྦྱར་བའི“རེའུ་མིག་གཅིག”བཟོ་བ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། སྟག་རྩེ་ཆུས་འབྲོམ་ཐོད་ཤང་ཡེར་པ་གྲོང་ཚོར་ལའེ་ཅའོ་ཡིས་ས་གནས་ས་ཐོག་ཏུ་བོད་སྐྱོར་རྣམ་གྲངས་འཛུགས་སྐྲུན་བྱས་ཚུལ་མཁྱེན་རྟོགས་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།