དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>དབང་ཧའེ་ཀྲོའུ།
  • དབང་ཧའེ་ཀྲོའུ་ཡིས་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང(སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས)དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-07

    ཚེས་4ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་རུ་སྣེ་ཁྲིད་དེ་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང(སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས)དུ་ཕེབས་ནས། རང་སྐྱོང་ལྗོངས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ཞིབ་འཇུག་དང་། ཞབས་ཞུའི་སྲིད་ཇུས་ཞིབ་འཇུག ཕྱི་ཕྱོགས་སྤེལ་རེས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་ནང་ཁུལ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་སོགས་ལ་དམིགས་ཏེ་བརྟག་ཞིབ་གནང་བ་དང་འབྲེལ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བར་མཛུབ་ཁྲིད་གནང་བ་རེད།

    དབང་ཧའེ་ཀྲོའུ་དང་བཅས་པ་ཏ་ལའི་ལོ་མའི་དཔེ་ཆ་ཞིབ་འཇུག་ཁང་དང་རང་སྐྱོང་ལྗོངས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ཞིབ་འཇུག་ལྟེ་གནས་སུ་གནས་ཚུལ་མཁྱེན་རྟོགས་གནང་བར་ཕེབས་ཤིང་། ཁོང་གིས། ཏ་ལའི་ལོ་མའི་དཔེ་ཆའི་ཞིབ་འཇུག་ལས་དོན་ཡག་པོ་སྒྲུབ་པ་ནི་ལོ་རྒྱུས་རིག་གནས་རྒྱུན་འཛིན་ཡག་པོ་བྱེད་པར་ལེགས་སྐྱེས་ཕུལ་བ་ཞིག་ཡིན་ལ། འཛམ་གླིང་རིག་གནས་ཤུལ་བཞག་སྲུང་སྐྱོང་ཡག་པོ་བྱེད་པར་ལེགས་སྐྱེས་ཕུལ་བ་ཞིག་ཀྱང་རེད། ལྗོངས་ཕྱི་ནང་གི་མཐོ་སློབ་དང་ཞིབ་འཇུག་སྒྲིག་གཞི་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས། ཆེད་ལས་ཤེས་ལྡན་པ་དེ་བས་མང་པོ་གསོ་སྐྱོང་བྱས་ཏེ། གཞི་ཁྱོན་ཅན་དང་རིམ་པ་ཅན་གྱི་སྲུང་སྐྱོང་ཞིབ་འཇུག་རུ་ཁག་འཛུགས་དགོས། ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་ལས་ཀའི་ལམ་སྲོལ་མཐུན་སྦྱོར་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཞིབ་འཇུག་གྲུབ་འབྲས་སྔར་བས་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ། རང་ལྗོངས་ཀྱི་ཏ་ལའི་ལོ་མའི་དཔེ་ཆའི་སྲུང་སྐྱོང་ལས་དོན་གྱིས་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་ཡོངས་ལ་ཤུགས་རྐྱེན་ཐེབས་པར་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།