དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཡན་ཅིན་ཧའེ་ཡིས“1·07”དིང་རིའི་ས་ཡོམ་གེགས་ཁུལ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-03

    ཟླ་5ཚེས་30ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས“1·07”དིང་རིའི་ས་ཡོམ་གེགས་ཁུལ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་སྟེ། དིང་རིའི་ས་ཡོམ་རིམ་པ་6.8སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། “དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲི་འཁུར་སེམས་དང“དོན་དག་ཚང་མར་སེམས་ནང་གདེང་ཚོད་ཡོད་པའི”བྱ་སྤྱོད་སྤེལ་ཤུགས་ལ་བརྟེན་ནས་དམིགས་ཚད་ལ་དམ་འཛིན་ལྷོད་མེད་དང་འགག་སྒྲོལ་དཀའ་སེལ་གྱིས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པའི་ནན་བཤད་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། མྱུར་ཚད་དང་སྤུས་ཚད་ལ་སྤྱི་འདོམས་ཡག་པོ་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་གཏོང་དང་ལས་ཡུན་ལ་དམ་འཛིན། “དམར་སེར་ལྗང”གསུམ་གྱི་ཉེན་ཟོན་སྔོན་བརྡའི་ལམ་སྲོལ་ལག་བསྟར། སྐུལ་ལྕག་བྱེད་ཐབས་བཟོ་བ་བཅས་བྱས་ཏེ་སྤུས་ཚད་མཐོ་ཞིང་ཕན་འབྲས་ཆེ་བའི་སྐུལ་འདེད་གཏོང་ཐུབ་པའི་འགན་ལེན་བྱེད་དགོས། ཡོམ་འགོག་དང་འགོག་སྲུང་གི་ཚད་གཞི་ལག་བསྟར་ནན་པོ་བྱེད་པ་དང་། བརྒྱུད་རིམ་ཧྲིལ་པོ་དང་མཐིལ་རྟོགས་རྣམ་པའི་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ། དཔེ་རིས་ཇུས་འགོད་ནས་རྒྱུ་ཆ་དབོར་འདྲེན་བྱེད་པའི་བར་དང་། རྩིག་རྨང་འདིང་བ་ནས་ལས་མཇུག་བསྒྲིལ་ནས་ཞིབ་བཤེར་རྩིས་ལེན་བྱེད་པའི་བར་གྱི་འགག་སྒོ་དང་ལྷུ་ཚིགས་ཁག་ལ་དམ་འཛིན་ནན་པོ་བྱེད་དགོས། ཨར་སྐྲུན་ཚན་པའི་ཐོག་མའི་འགན་འཁྲི་དང་། ལྟ་ཞིབ་དོ་དམ་ཚན་པའི་ལྟ་སྐུལ་འགན་འཁྲི། ལས་རིགས་སྡེ་ཚན་གྱི་ལྟ་འདོམས་འགན་འཁྲི་བཅས་དོན་འཁྱོལ་བྱེད་པ་དང་། “རྣམ་གྲངས་ཀྱི་ཅིང་ལི་ལས་ཡུལ་དངོས་སུ་བཅའ་སྡོད་བྱེད་པའི་ལམ་ལུགས”ལག་བསྟར་ནན་པོ་བྱེད་པ། སྤུས་ཚད་འགན་འཁྲིའི“མིང་གཞུང་དམར་ནག”བཟོ་བ་བཅས་བྱས་ནས་བདེ་འཇགས་ཀྱི་དམར་ཐིག་བསྐྱར་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ལྷུ་ཚིགས་ཁག་ཏུ་ཁྱབ་པར་བྱེད་དགོས། མིག་སྔ་དང་ཕུགས་ལ་སྤྱི་འདོམས་ཡག་པོ་བྱེད་པ་དང་། འཆར་འགོད་སྣེ་ཁྲིད་མཐའ་འཁྱོངས། སླར་གསོ་བསྐྱར་སྐྲུན་ལས་དོན་དེ་གྲོང་གསེབ་དར་རྒྱས་དང་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ནང་གཏིང་ཟབ་འཇུག་པ། ཐོན་ལས་སྐྱེད་སྲིང་བྱ་རྒྱུ་དེ་ཕུགས་ཀྱི་འཕེལ་རྒྱས་ཀྱི་ལྟེ་བའི་སྒུལ་ཤུགས་སུ་བརྩི་བ་བཅས་བྱས་ནས་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བ་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་ཆེ་རུ་གཏོང་དགོས། འཚོ་བའི་ཁྱིམ་གཞིས་དང་བསམ་པའི་ཁྱིམ་གཞིས་སྤྱི་འདོམས་ཡག་པོ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ཡོམ་འགོག་གེགས་སེལ་གྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་གཏོང་བ་བཅས་བྱས་ནས་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ་དང་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱེད་དགོས། ཆེད་ལས་སེམས་ཁམས་གསོ་སྐྱོང་དཔུང་ཁག་སྟོབས་ཆེར་གཏོང་བ་དང་གཙོ་གནད་ཚོགས་སྤྱི་ལ་དམིགས་ནས་རང་སོའི་ཁྱད་ཆོས་ཅན་དང་། བསྒར་འཇུག་རྣམ་པ། རྒྱུན་མཐུད་རང་བཞིན་བཅས་ཀྱི་སེམས་ཁམས་རོགས་སྐྱོར་བྱེད་སྒོ་སྤེལ་དགོས། སྲིད་གཞུང་གིས་གཙོ་ཁྲིད་དང་ཕྱོགས་སྣ་མང་ཞུགས་པར་སྤྱི་འདོམས་ཡག་པོ་བྱེད་པ་དང་། སྲིད་གཞུང་གི་སྤྱི་འདོམས་ལ་ཤུགས་སྣོན་རྒྱག་པ། བྱེད་པོའི་འགན་འཁྲི་བརྟན་པོར་འཁུར་བ་བཅས་བྱས་ནས་སྲིད་ཇུས་མ་ལག་གཅིག་སྡུད་དང་ཐོན་ཁུངས་སྤྱི་འདོམས་ནུས་ཆེ་ཡོང་བར་ཤུགས་སྣོན་རྒྱག་དགོས། ཁྲོམ་རའི་སྒུལ་ནུས་སྐུལ་སློང་དང་། མ་འཇོག་དང་མ་དངུལ་བསྡུ་སྒྲིལ་ལམ་སྲོལ་གསར་གཏོད། ཞུགས་པའི་ཐབས་ལམ་རྒྱ་སྐྱེད་གཏོང་བ་བཅས་བྱས་ནས་རིགས་ཁག་གི་ཁེ་ལས་ཡོང་ཐུབ་པ་དང་། གནས་ཐུབ་པ། འཕེལ་རྒྱས་ཡག་པོ་ཡོང་བ་བཅས་བྱེད་དགོས། མི་དམངས་མང་ཚོགས་ཀྱི་བྱེད་པོའི་གནས་བབ་ལ་བརྩི་འཇོག་དང་མང་ཚོགས་སྐུལ་སློང་དང་སྒྲིག་འཛུགས་ཡག་པོ་བྱས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་དང་ཕན་པ་ཐོབ་མཁན་དུ་འགྱུར་བར་བྱེད་དགོས།

    ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། རིམ་ཁག་དྲིལ་བསྒྲགས་སྡེ་ཚན་དང་གསར་འགྱུར་སྨྱན་སྦྱོར་གྱིས་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་ཇུས་འགོད་ཞིབ་ཚགས་བཟོ་བ་དང་། ཆེད་བསྒྲིཌ་ལེ་ཚན་དང་གསར་འགྱུར་རབ་དང་རིམ་པ་སྤེལ་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་གནང་ལུགས་དང་ཏང་གི་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་ཡག་པོ་བྱེད་པ། བསྐྱར་སྐྲུན་གྱི་འཐབ་ས་དང་པོའི་ཏང་ཡོན་ལས་བྱེད་པའི་ཐེག་པ་འཁུར་ལེན་དང་། འཛུགས་སྐྲུན་བྱེད་མཁན་གྱི་དཀའ་སྤྱད་འབད་བརྩོན། གནོད་འཚེ་ཕོག་མཁན་མང་ཚོགས་ཀྱི་ཞུམ་མེད་འབད་འཐབ་དང་སྤྱི་ཚོགས་ལས་རིགས་ཁག་གི་སྒེར་སེམས་མེད་པའི་བརྩེ་སེམས་བཅས་སྔོག་འདོན་དང་སྤེལ་གཏོང་གཏིང་ཟབ་བྱས་ནས་དྲང་གཞག་ཡར་ཐོན་དང་སེམས་ནུས་གཅིག་སྒྲིལ་གྱི་གླེང་ཕྱོགས་ཁོར་ཡུག་སྐྲུན་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།