ཡན་ཅིན་ཧའེ་ཡིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་ཟུར་ཞུགས་གནང་མཁན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རྫོང་རིམ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་དང་བཞུགས་མོལ་གནང་བ།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བདུན་པ་འཚོག་རིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་ཟུར་ཞུགས་གནང་མཁན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རྫོང་རིམ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་དང་བཞུགས་མོལ་གནང་སྟེ། “མཐའ་སྟོབས”ཀྱི་བརྗོད་དོན་གཙོ་བོར་དམིགས་ནས་སྤེལ་རེས་གནང་བ་རེད།
བཞུགས་མོལ་ཚོགས་འདུའི་ཐོག རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རྫོང་རིམ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་6གིས་རང་ངོས་ཀྱི་ལས་འགན་སྒྲུབ་ཚུལ་དང་ཟུང་འབྲེལ་བྱས་ཏེ། ངོས་འཛིན་དང་མྱོང་ཚོར་མཉམ་སྤྱོད་དང་ཉམས་མྱོང་དང་བྱེད་སྟངས་ཕྱོགས་སྡོམ་བྱས་ནས་བསམ་འཆར་དང་གྲོས་འགོ་བཏོན་ཡོད། ཡན་ཅིན་ཧའེ་ཡིས་ནན་ཏན་གྱིས་གསན་པ་དང་སྦྲགས། འཐུས་མི་ཚོ་དང་སྤེལ་རེས་ཡང་ཡང་གནང་སྟེ། འཐུས་མི་རྣམས་ཀྱི་བསམ་འཆར་དང་གྲོས་འགོ་ལེགས་སྒྲིག་ཕྱོགས་སྡོམ་དང་དབྱེ་ཞིབ་ཞིབ་འཇུག་བྱས་ནས་ལས་དོན་སྙན་ཞུར་བཀོད་དེ་དོན་འཁྱོལ་ལ་མཐུན་སྦྱོར་དམ་འཛིན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། རིམ་ཁག་མི་དམངས་འཐུས་ཚོགས་ལས་ཁུངས་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་གཙོ་རྐང་དུ་མཐའ་འཁྱོངས་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་གཅིག་གྱུར་བཀོད་འདོམས་འོག ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་རང་འགན་ཐེག་པ་འཁུར་ལེན་གྱིས་མཐའ་མཚམས་སྲ་བརྟན་དང་། མཐའ་མཚམས་བདེ་འཇགས། མཐའ་མཚམས་ཡུལ་མི་བདེ་སྐྱིད་བཅས་ཡོང་བའི་འགན་ལེན་བྱེད་དགོས་པ་དང་། ནུས་ཤུགས་གཅིག་སྒྲིལ་གྱིས་མཐའ་མཚམས་སྲ་བརྟན་དུ་བཏང་སྟེ། རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་རྒྱུན་འཛིན་དང་འཐུས་མིའི་ལྟ་ཞིབ་དང“མཉམ་ལྔ་བརྟན་ལྔའི”ཆ་སྒྲིག་མཉམ་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་ཞིང་འབྲོག་མང་ཚོགས་དེ་བས་མང་བ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་དུ་འགྱུར་བར་སྐུལ་ཁྲིད་བྱེད་དགོས། གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་བརྟག་ཞིབ་དང་ལྟ་ཞིབ་བྱེད་པ་དང་། གཞི་རིམ་དང་འཐབ་ས་དང་པོར་བསྐྱོད་ནས་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་དམངས་ཀྱི་འདོད་ཚུལ་ཉན་པ། ལྟ་སྐུལ་གྱི་གྲོས་འགོ་ཧུར་ཐག་འདོན་པ་བཅས་བྱས་ནས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་ལ་ཐབས་ཇུས་ཀྱི་དཔྱད་གཞི་མཁོ་འདོན་བྱེད་དགོས། ནུས་ཤུགས་གཅིག་སྒྲིལ་གྱིས་མཐའ་མཚམས་བརྟན་ལྷིང་ཡོང་བར་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས་སོགས་བཅའ་ཁྲིམས་དང་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་དོ་དམ་སྲོལ་ཡིག་སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ལག་བསྟར་བྱེད་ཚུལ་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆེད་དོན་འདྲི་ཞིབ་དང་ལས་དོན་དཔྱད་བསྡུར་སོགས་ཀྱི་བྱེད་ཐབས་བརྒྱུད་སྲིད་གཞུང་སྡེ་ཚན་གྱིས་འགལ་ཟླ་དང་རྩོད་གཞི་སྣ་མང་སེལ་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་བཏང་ནས་ཁྲིམས་བཞིན་སྐྱོང་བ་དང་། ཚུལ་བཞིན་སྐྱོང་བ། རང་སྐྱོང་བཅས་མཉམ་འདྲེས་ནུས་ལྡན་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་དགོས། ནུས་ཤུགས་གཅིག་སྒྲིལ་གྱིས་མཐའ་མཚམས་དར་རྒྱས་ཡོང་བར་བྱས་ཏེ། གྲོང་གསེབ་དར་རྒྱས་དང་མཐའ་དར་དམངས་ཕྱུག་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་བྱེད་ཚུལ་ལ་བརྟག་ཞིབ་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་གསར་དར་ཐོན་ལས་ལ་དམིགས་ནས་སྤུས་ཚད་མཐོ་བའི་གྲོས་གཞི་དང་གྲོས་འགོ་བཏོན་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ཐབས་འདོན་ཇུས་འགོད་བྱེད་དགོས། ནུས་ཤུགས་གཅིག་སྒྲིལ་གྱིས་མཐའ་མཚམས་འཆམ་མཐུན་ཡོང་བར་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག་སོགས་ཁྲིམས་སྲོལ་ལག་ལེན་བསྟར་ཚུལ་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “ཀྲུང་ཧྭ་མི་རིགས་ཀྱི་མཐོང་ཚོར་གཟུགས་བརྙན་འདུ་འགོད”ལག་ལེན་བསྟར་བར་རྒྱབ་སྐྱོར་བྱེད་པ། “མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”འཐུས་མིའི་འཚམས་འདྲིའི་བྱེད་སྒོ་སྤེལ་བ། ཞིང་འབྲོག་པའི་རྣམ་པ་གསར་པ་བཏོད་པའི་བྱ་སྤྱོད་ལག་ལེན་གཏིང་ཟབ་བསྟར་བ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་མཉམ་སྡོད་མཉམ་སློབ་དང་། མཉམ་སྐྲུན་མཉམ་སྤྱོད། མཉམ་སྒྲུབ་མཉམ་སྤྲོ་བཅས་ཡོང་བར་སྐུལ་འདེད་གཏོང་དགོས།