དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བོད་རང་སྐྱོང་ལྗོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ཀྱི་གསོ་སྦྱོང་དང་ལས་དོན་བཀོད་གཏོང་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-30

    ཚེས་28ཉིན། རང་སྐྱོང་ལྗོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ཀྱི་གསོ་སྦྱོང་དང་ལས་དོན་བཀོད་གཏོང་ཚོགས་འདུ་འཚོགས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།

    ལའེ་ཅའོ་ཡིས་ནན་བཤད་གནང་དོན། ལྗོངས་ཏང་ཨུད་ཀྱིས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་5འཛུགས་རྒྱུའི་གཏན་འབེབས་བྱས་ནས་ས་གནས་དང་ཚན་པ་12ལ་ལྟ་སྐུལ་མཛུབ་ཁྲིད་བྱས་པ་དེ་ནི་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་གོང་འོག་མཉམ་འགུལ་བྱས་ཏེ་གནད་དོན་ཐག་གཅོད་བྱེད་པའི་དམ་འཛིན་བྱ་གཞི་ནུས་ལྡན་ཞིག་དང་། གནས་ལ་བརྟེན་ནས་ཁྱོན་ལ་སྐུལ་འདེད་བཏང་སྟེ་སློབ་སྦྱོང་སློབ་གསོ་གོ་རིམ་ལྡན་པའི་ངང་སྤེལ་བར་སྐུལ་འདེད་གཏོང་བའི་བྱ་ཐབས་ནུས་ལྡན་ཞིག་རེད། ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཁག་གིས་འགན་འཁྲི་སེམས་ལ་འཆང་བ་དང་། འགན་འཁྲི་ཕྲག་ཏུ་འཁུར་བ། འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ནས་སློབ་སྦྱོང་སློབ་གསོ་སྤེལ་བ་དེ་ལྗོངས་ཏང་ཨུད་ཀྱིས་ལོ་བཞི་བསྟུད་མར་སྤེལ་བའི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་དང་ཟུང་འབྲེལ་བྱེད་པ་དང་། ལྟ་སྐུལ་བྱ་ཡུལ་ས་གནས་དང་ཚན་པའི་ཏང་ཨུད(ཏང་ཙུའུ)དང་མཉམ་དུ་བརྗོད་དོན་གཙོ་བོར་དམིགས་ནས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བ། གནད་དོན་གནད་འཁེལ་དང་ཏན་ཏིག་འཚོལ་བ་དང་། གཅིག་སྡུད་བཅོས་སྒྲིག་ལ་དམ་འཛིན་ཏན་ཏིག་བྱེད་པ། སྒྲིག་སྲོལ་ལམ་ལུགས་འཛུགས་པར་ཤུགས་སྣོན་རྒྱག་པ་བཅས་བྱེད་པར་རོགས་རམ་བྱེད་དགོས། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་དར་སྤེལ་བཏང་ནས་ལྟ་སྐུལ་མཛུབ་ཁྲིད་བྱ་ཡུལ་ས་གནས་དང་ཚན་པས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པར་སྐུལ་འདེད་བཏང་སྟེ། སྦྱངས་པ་གོ་ཆོད་དང་སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་བཏང་ནས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་ཆེན་པོར་འགྱུར་བར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།